འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོ་ཤེས་ཚོར·འཇར་མན་དུ་སྐྱོད”ཅེས་པའི་འགྲེམས་སྟོན་པེར་ལིན་དུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་08ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “ཀྲུང་གོ་ཤེས་ཚོར·འཇར་མན་དུ་སྐྱོད”ཅེས་པའི་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་དང“ཀྲུང་གོ་བ་ཡག་ཤོས”ཞེས་པའི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་དེ་ཚེས་5ཉིན་པེར་ལིན་དུ་བྱས་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཧོང་ཁུན་མིང་དང་། འཇར་མན་རིག་སློབ་པུའུ་ཀྲང་མཉམ་ཞུགས་ཚོགས་འདུའི་དྲུང་ཆེ་ཝུའུ་ཏུའུ·སྨི་ཤ་ལི་ཁེ། པེར་ལིན་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ཨེ་ཤེ་ཡའི་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ལུའུ་ཁེ་སི་སོགས་སྐུ་མགྲོན་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
           ཧོང་ཁུན་མིང་གིས་ཤིས་ཚིག་བརྗོད་སྐབས། འདི་ལོ་ནི་ཀྲུང་འཇར་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་45ཏག་ཏག་འཁོར་བའི་ལོ་ཞིག་ཡིན་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་དུ་འཚམས་འདྲི་གནང་བ་དང་སྦྲགས། G20ཡི་ཧན་པའོ་དབུ་ཚོགས་སུ་ཞུགས་པའི་སྐབས་སུ“ཀྲུང་གོ་ཤེས་ཚོར·འཇར་མན་དུ་སྐྱོད”ཅེས་པས་རྣམ་པ་སྣ་ཚོགས་དང་ལྟད་མོ་ཤིན་ཏུ་ཆེ་བའི་རིག་གནས་བྱེད་སྒོ་རབ་དང་རིམ་པ་འཇར་མན་གྱི་གྲོང་ཁྱེར་མང་པོར་སྤེལ་ནས་ཀྲུང་འཇར་གྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་ཆེས་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱི་སྣེ་ཁྲིད་འོག་ཀྲུང་འཇར་ཕྱོགས་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་དང་། དོན་དངོས་མཉམ་ལས་ལ་ཤུགས་སྣོན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་གཏོང་། ཕྱོགས་མང་མཉམ་ལས་བྱེད་ཟབ་ཏུ་བཅས་འགྲོ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཚང་མའི་ཐད་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།
           “ཀྲུང་གོ་བ་ཡག་ཤོས”ཀྱི་རི་མོ་འགྲེམས་སྟོན་ནི“ཀྲུང་གོ་ཤེས་ཚོར·འཇར་མན་དུ་སྐྱོད”ཅེས་པའི་བྱེད་སྒོ་རབ་དང་རིམ་པའི་ནང་དོན་གལ་ཆེན་ཞིག་རེད། རི་མོའི་འགྲེམས་སྟོན་ཐོག་ཀྲུང་གོའི་གྲགས་ཅན་གྱི་རི་མོ་མཁས་ཅན་70ལྷག་ཙམ་གྱི་མི་སྣའི་རི་མོ་སྤུས་དག་གི་བརྩམས་ཆོས་གལ་ཆེན་བསྡུས་ཡོད་པའི་ཁྲོད་ལུའེ་ཧྥུང་དང་ཅའོ་ཡུས་ལུའུ་ལྟ་བུ་ཀྲུང་གོ་བ་ཚང་མས་རྒྱུས་མངའ་ཡོད་པའི་དཔེ་བཟང་གི་གཟུགས་བརྙན་མངོན་ཡོད་ལ། ཆི་པའེ་ཧྲེ་དང་ཧོང་པིང་ཧུང་ལྟ་བུ་ཀྲུང་གོའི་རི་མོའི་ལོ་རྒྱུས་ཐོག་གི་དགེ་རྒན་ཆེ་མོ་བའི་ཉམས་གྱུར་མངོན་པ་མ་ཟད། ཀྲུང་གོའི་མི་སེར་དཀྱུས་མའི་འཚོ་བའི་རྣམ་པ་དང་བསམ་པའི་ཉམས་འགྱུར་དེ་བས་མངོན་པར་བྱས་ཡོད།
          སྨི་ཤ་ལི་ཁེ་ཡིས“ཀྲུང་གོ་ཤེས་ཚོར”ཞེས་པས་འཇར་མན་དུ་ཀྲུང་གོའི་རིག་གནས་སྣ་ཚོགས་མངོན་པ་བྱས་ཤིང་། འཁྲབ་སྟོན་དང་འགྲེམས་སྟོན་སོགས་ཀྱི་རྣམ་པས་ང་ཚོ་ལེ་དབར་ཁྲི་སྟོང་མང་པོའི་བར་ཐག་ཆོད་རུང་བརྩེ་དུང་ཟབ་པའི་ཀྲུང་གོ་མྱོང་ཚོར་ཐུབ་ནས་ལོ་ངོ་སྟོང་གི་རིག་གནས་ཡུལ་སྐོར་གཏོད་འགོ་ཚུགས་ཡོད། ཀྲུང་གོའི་རི་མོའི་སྒྱུ་རྩལ་ལ་ཞིབ་འཇུག་གཏིང་ཟབ་ལྡན་པའི་ལུའུ་ཁེ་སི་ཡིས“ཀྲུང་གོ་བ་ཡག་ཤོས”ཀྱི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་བྱས་པ་བརྒྱུད། འཇར་མན་གྱི་ལྟད་མོ་བས་ཀྲུང་གོའི་རི་མོའི་སྲོལ་རྒྱུན་དེ་དེང་རབས་རྩལ་ཐབས་དང་ཟུང་འབྲེལ་བྱས་པ་ཚོར་ཐུབ་ལ། དེའི་ཁྲོད་ནས་མིག་སྔའི་ཀྲུང་གོ་བའི་འཚོ་བ་དངོས་ཤེས་རྟོགས་ཀྱང་ཐུབ་ཅེས་བཤད།
           “ཀྲུང་གོ་ཤེས་ཚོར·འཇར་མན་དུ་སྐྱོད”ཅེས་པ་དེ་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་ཟླ་7ཚེས་10ཉིན་བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།