འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་རྒྱལ་ཡོངས་སུ་སློབ་གྲྭའི་ཉལ་ཁང་སྨི་ངོས་གྲུ་དུང་ཕྱུར་1.54གསར་སྐྲུན་དང་
    རྒྱས་སྐྲུན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་08ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཕྱོགས་ཡོངས་ནས་ས་ཁུལ་དབུལ་པོའི་འོས་འགན་སློབ་གསོ་ཉམས་ཞན་གྱི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བའི་ལས་དོན་ནང་། མིག་སྔའི་བར་རྒྱལ་ཡོངས་སུ་སློབ་གྲྭའི་ཉལ་ཁང་སྨི་ངོས་གྲུ་དུང་ཕྱུར་1.54གསར་སྐྲུན་དང་རྒྱས་སྐྲུན་བྱེད་པ་དེས་ལོ་ལྔའི་འཆར་འགོད་འཛུགས་སྐྲུན་གྱི་སྤྱིའི་ལས་འགན་གྱི་74%བཟུང་པ་དང་། སྒྲོག་ཙེ་དང་རྐུབ་སྟེགས་ཁྲི་2579དང་། དཔེ་དེབ་དུང་ཕྱུར་4.17འཚོ་བའི་སྒྲིག་ཆས་ཆ་ཚང་ཁྲི་1390སོགས་ཉོ་སྒྲུབ་བྱས་པར། དངུལ་དུང་ཕྱུར་739བཏང་བ་དེས་ལོ་ལྔའི་འཆར་འགོད་ཀྱི་སྤྱིའི་ལས་འགན་གྱི་72%བཟུང་བར་བརྟེན་ཆ་རྐྱེན་ཞན་པའི་སློབ་གྲྭའི་སྒྱུར་བཀོད་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་ཐེབས་པ་དང་སྤྱིའི་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད། 2014ལོ་ནས་2017ལོ་བར་ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་4བསྟུན་མར་མ་དངུལ་གཏོང་ཚད་མང་དུ་བཏང་ཞིང་། རིམ་རྩིས་བྱས་ན་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1336བཏང་བ་དང་ས་གནས་ཁག་གིས་མ་དངུལ་སྒོར་དུང་ཕྱུར་2500ལྷག་ཙམ་བཏང་ཡོད། འདི་ནི་གསར་འགོད་པས་ཚེས་6ཉིན་སློབ་གསོ་པུས་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
           ཉིན་ཤས་གོང་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་མཉམ་འབྲེལ་ཐོག་《ས་ཁུལ་དབུལ་པོའི་འོས་འགན་སློབ་གསོ་ཉམས་ཞན་གྱི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་རྒྱུའི་དུས་འབྲིང་གི་འབྲེལ་ཡོད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམ་བྱས་ཏེ་གོམ་སྟབས་རྗེས་མར་ས་ཁུལ་དབུལ་པོའི་འོས་འགན་སློབ་གསོ་ཉམས་ཞན་གྱི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།