འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ལས་བྱེད་ལས་བཟོའི་བུ་བཙའི་ཐོབ་ཐང་ལེགས་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་08ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། སྦྲུམ་མ་དང་ཕྲུ་གུའི་བདེ་ཐང་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ལས་བྱེད་ལས་བཟོའི་བུ་བཙའི་ཐོབ་ཐང་ལེགས་སྒྲིག་བྱས་པ་རེད། ལེགས་སྒྲིག་བྱས་རྗེས་བུད་མེད་དེས་ཕྲུ་གུ་བཙས་ཐེངས་རེར་ལོ་གཅིག་གི་ངལ་གསོ་སྡོད་ཆོག་གི་ཡོད་པ་རེད།
            ལེགས་སྒྲིག་བྱས་རྗེས་ཀྱི་སྲིད་ཇུས་ནང་བོད་རང་སྐྱོང་ལྗོངས་ཀྱི་ཐེམ་ཁུངས་ཡིན་པའི་སྤྱི་ཚོགས་རྩ་འཛུགས་ཁག་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྲིད་འཛིན་ལས་ཁུངས་བཅས་ཀྱི་ལས་ཐོག་ལས་བྱེད་ལས་བཟོ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བུ་བཙའི་ཆ་རྐྱེན་དང་མཐུན་ཚེ། བུད་མེད་དེས་ཕྲུ་གུ་བཙས་ཐེངས་རེར་ལོ་གཅིག་(ཁྲིམས་གཏན་འཁེལ་བའི་བུ་བཙའི་ངལ་གསོ་ཚུད་པ)གི་ངལ་གསོ་སྡོད་ཆོག་པ་དང་ལས་ཀའི་རྐྱེན་པས་ངལ་གསོ་ཆ་ཚང་སྡོད་ཐུབ་མེད་ཚེ། མི་སྤྱོད་ཚན་པས་གླ་ཆ་ཁ་གསབ་འོས་འཚམ་བྱེད་དགོས། ད་དུང་བཟའ་ཟླར་ཉིན་30ཡི་ནད་གཡོག་རྒྱུག་པའི་ངལ་གསོ་ཡོད། (ལོ་རེའི་འཁོར་ཞག་ཚུད་མེད་པ)དེའི་རིང་བཟའ་ཚོ་གཉིས་ཀའི་གླ་ཕོགས་ཐོབ་ཐང་ལ་འགྱུར་བ་མེད། བུད་མེད་ངལ་གསོ་ཐིམ་པའི་ལོ་དེར་འཁོར་ཞག་སྡོད་མི་ཆོག བུ་བཙའི་འགན་བཅོལ་ནང་ཞུགས་ཡོད་ཚེ་བུ་བཙའི་འགན་བཅོལ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བུ་བཙའི་ཕོགས་སྣོན་ལོངས་སུ་སྤྱོད་ཆོག་པའི་གཏན་འབེབས་བྱས་ཡོད། 
           ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་ཇུས་ལེགས་སྒྲིག་བྱས་རྗེས། བོད་རང་སྐྱོང་ལྗོངས་ཀྱིས་བུ་ཕྲུག་གཅིག་མའི་ལག་ཁྱེར་ཁྱོན་ཡོངས་ནས་སྤྲོད་མཚམས་འཇོག་རྒྱུ་རེད། 《རྒྱལ་ཁབ་ཀྱི་མི་འབོར་འཆར་བཙའི་བཅའ་ཁྲིམས་》གཞིར་བཟུང་། ཕྲུ་གུ་གཉིས་པ་སྐྱེ་བའི་བཟའ་ཚོ་གཉིས་ལ་བུ་བཙའི་ཞབས་ཞུའི་ཐོ་འགོད་བྱེད་པ་དང་ཞིབ་མཆན་མི་འགོད་པ་མ་ཟད། ཁྱིམ་ཚང་སོ་སོས་རང་ཐག་ངང་ཕྲུ་གུ་སྐྱེ་ཆོག་པ་དང་གཉེར་རྒྱུའི་འགྲོ་ལུགས་སྟབས་བདེ་རུ་བཏང་ཡོད། རྒྱལ་ཁབ་ཀྱིས་བཟའ་ཚོ་གཅིག་གིས་ཕྲུ་གུ་གཅིག་བཙའ་རྒྱུ་དར་སྤེལ་གཏོང་རིང་། 《བུ་ཕྲུག་གཅིག་མའི་ལག་ཁྱེར་》(《བུ་ཕྲུག་གཅིག་མའི་ཕ་མའི་གཟི་བརྗིད་ལག་ཁྱེར་》)ལེན་པ་དང་ཚེ་གང་ཕྲུ་གུ་གཅིག་ལས་སྐྱེ་འདོད་མེད་པའི་བཟའ་ཚོས་བྱ་དགའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།