འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་སྡོད་ནས་ལས་བརྩོན་ཕྱོགས་སུ་སྐྱོད་པ།

    ——རང་རྒྱལ་གྱི་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་པ་དབུལ་སྒྲོལ་སྐོར་གྱི་དངོས་བྲིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་04ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་ནུབ་རྒྱུད་དུ་ཆགས་པའི་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་གང་འདྲ་ཡོད་དམ། དབུལ་སྒྲོལ་འགག་སྒྲོལ་བྱ་ཚུལ་ཇི་འདྲ་ཡིན་ནམ། ཉིན་ཤས་གོང་གསར་འགོད་པས་རང་རྒྱལ་གྱི་བོད་རིགས་ས་ཁུལ་གྱི་གྲོང་ཚོ་དང་དུད་ཚང་ཁག་ལ་བཅར་འདྲིར་བསྐྱོད་པ་ཡིན།
         རྣམ་པ་གསར་རྐྱང་གི་བོད་བཟོའི་ཁང་པ་གྲལ་སྟར་སྒྲིག་པ་དང་། ཨར་འདམ་ལམ་དུད་ཚང་ཁག་གི་སྒོ་རྩ་བར་དུ་བཏིང་བ། གྲོང་མི་འགའ་ཞིག་སྒོ་རའི་ནང་བསྡུ་གསོག་རྒྱག་བཞིན་ཡོད་པ་བཅས་ནི་གསར་འགོད་པས་མཐོང་བའི་ཆབ་མདོ་གྲོང་ཁྱེར་འདམ་སྐྱོའི་ཐེན་ཅིན་གྲོང་གསར་གྱི་རྣམ་པ་རེད།
         འདམ་སྐྱོའི་ཐེན་ཅིན་གྲོང་གསར་ནི་ན་ནིང་གི་ལོ་མཇུག་ཏུ་རང་བྱུང་གྲོང་ཚོ་6འདི་གར་སྤོས་ནས་བཙུགས་པ་ཞིག་ཡིན་ཞིང་། ཁྱོན་དུད་ཚང་172དང་མི་580ལྷག་ཙམ་ཡོད། གནས་མ་སྤོས་གོང་ཐག་རིང་ཤོས་ཀྱི་རང་བྱུང་གྲོང་ཚོ་སྟེ་དབའ་ཡོ་གྲོང་ཚོ་ནས་གཞུང་ལམ་བར་ལ་ལམ་ཐག་སྤྱི་ལེ་18ཡོད་པ་དང་ཡུལ་དེར་སྦག་སྦག་ཐར་ཙམ་གྱི་ལམ་ཞིག་ལས་མེད།
         “མི་རབས་ནས་མི་རབས་བར་གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་ཞིང་། ཁོང་ཚོས་ནས་འདེབས་པ་དང་འབྲེལ་ཞོར་དུ་འབྲི་གཡག་བཅུ་གྲངས་གསོ་ཚགས་བྱེད་པར་ལོ་གཅིག་ལ་ཡོང་འབབ་སྒོར་2000ལྷག་ཙམ་ཡོང་གི་ཡོད”ལོ་44ལ་སླེབས་པའི་བསྟན་འཛིན་རབ་རྒྱས་ལ་སྨི་ངོས་གྲུ་90ཡོད་པའི་ཁང་པ་གསར་པ་ཞིག་རག་པ་རེད། “རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་འདི་འདྲའི་ནང་སྡོད་རྒྱུ་ཡོང་བསམ་བསམ་མ་བྱུང་། དེ་སྔོན་གྲོང་རྡལ་དུ་སྐྱོད་སྐབས་རི་ལམ་ཆུ་ཚོད་3ལྷག་ཙམ་འགྲིམས་རྗེས་གཞི་ནས་གཞུང་ལམ་ཡོད་སར་འབྱོར་ཙམ་ལས་མེད་པས་ཉིན་གཅིག་གི་དུས་ཚོད་ཕལ་ཆེ་བ་དེ་རང་དུ་འགོར་གྱི་འདུག ད་ཆ་གཞུང་ལམ་དང་ཐག་ཉེ་པོ་ཡོད་པར་བརྟེན་ངས་འདི་ལོ་དངུལ་བུན་གཡར་ཏེ་ཟོག་འདྲེན་རླངས་ཁོར་ཞིག་ཉོས་ནས་སྐྱེལ་འདྲེན་གྱི་ལས་ཀ་བྱས་པར་ཉིན་རེར་སྒོར་200ལྷག་ཙམ་འབབ་ཀྱི་འདུག”ཅེས་བརྗོད།
         ཕྲུ་གུ་ཚོ་སློབ་གྲྭར་གཏོང་རྒྱུའང་སྟབས་བདེ་པོ་འདུག“འདི་ལོ་ང་ཚོས་གྲོང་ཚོའི་ནང་བུ་བཅོལ་ཁང་ཞིག་འཛུགས་རྩིས་ཡོད། ཕྲུ་གུ་ཚོ་བུ་བཅོལ་ཁང་ཐོན་རྗེས་ཉེ་འགྲམ་གྱི་གྲོང་ཚོར་སློབ་ཆུང་ལོ་རིམ་གསུམ་པ་བར་སྐྱོད་ཆོག”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་འདེམས་གཏོང་བྱས་པའི་ཀུན་དགའ་འཕྲིན་ལས་ཀྱིས་བཤད།
         བོད་ལྗོངས་ཀྱིས་ན་ནིང་གནས་སྤོས་དབུལ་སྐྱོར་ཐད་མ་དངུལ་སྒོར་དུང་ཕྱུར་40ལྷག་ཙམ་བཏང་བ་དང་མི་ཁྲི་3ལྷག་ཙམ་གནས་སྤོ་བྱས་ཟིན་ཡོད། བོད་ལ་མི་འབོར་དབུལ་པོ་ཁྲི་59ཙམ་ཡོད་ཅིང་། ན་ནིང་མི་ཁྲི་15ཙམ་དབུལ་སྒྲོལ་བྱུང་བ་དང་འདི་ལོ་མི་ཁྲི་13དབུལ་སྒྲོལ་ཐུབ་རྒྱུ་རེད།
         ཞིང་འབྲོག་ཁུལ་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་བོད་རིགས་ས་ཁུལ་ཕྱུག་འགྱུར་ཡོང་བ་བྱེད་པའི་སྒུལ་ཤུགས་གསར་པ་ཞིག་ཏུ་དངོས་སུ་གྱུར་ཡོད། “ཕྱུ་པ་གཅིག་བཙེམས་པར་སྒོར་35འབབ་ཀྱི་འདུག་ལ་མང་ཤོས་ཀྱི་སྐབས་སུ་འཚེམ་ཁང་གཅིག་གིས་ཉིན་གཅིག་ལ་ཕྱུ་པ་10ཚེམས་ཐུབ་ཀྱི་འདུག དེ་ས་ཞིང་འདེབས་པ་དང་ཕྱུགས་འཚོ་བ་ལས་ཡོང་འབབ་མང་བ་འདུག” རྡོ་རྗེ་ཚེ་རིང་གིས་མཉམ་ལས་ཁང་ཡོད་པས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་རེ་བ་དེ་བས་ཆེ་རུ་ཕྱིན་སོང་ཞེས་བཤད།
         མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབའ་རྫོང་སུམ་མདོ་གྲོང་ཚོའི་གྲོང་མི་ཡིན་པའི་རྡོ་རྗེ་ཚེ་རིང་ལོ་གཉིས་ཀྱི་གོང་དུ་གྲོང་ཚོའི་མ་རྐང་ལམ་ལུགས་ཀྱི་ཐབས་ལམ་ཐོག་ནས་བཙུགས་པའི་མཉམ་ལས་ཁང་སྟེ་གསེར་ཁང་གྱོན་ཆས་ཚད་ཡོད་འགན་འཁྲི་ཀུང་སིར་ཞུགས་པ་རེད།
        སྔོན་མ་སུམ་མདོ་གྲོང་ཚོའི་དུད་ཚང་ཕྱེད་ཀ་ཙམ་ནི་དུད་ཚང་དབུལ་པོ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ས་གནས་དེ་གའི་སྲིད་གཞུང་གིས་དེ་གར་གྱོན་ཆས་ལས་སྣོན་དང་།ཞིང་དུད་སྤྲོ་སྐྱིད་ཁང་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ཞིང་། ད་ཆ་གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་ཡོད།
    “ད་ཆ་དུད་ཚང་140གྱོན་ཆས་ལས་སྣོན་ལས་རིགས་སུ་ཞུགས་པ་དང་གྲོང་མི་200ལྷག་ཙམ་འདི་གར་ལས་ཞུགས་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།