འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་སི་ཁྲོན་དུ་རི་ཉིལ་ནས་མི་སྣ་ཤི་རྨས་བྱུང་བའི་དོན་
    རྐྱེན་ཐད་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་27ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་24ཉིན། ཀྲུང་གོའི་སི་ཁྲོན་མའོ་རྫོང་དུ་རི་ཉིལ་ནས་མི་སྣ་ཤི་རྨས་བྱུང་བའི་དོན་རྐྱེན་དེར་དམིགས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ཚེས་24ཉིན་མགྲིན་ཚབ་པ་བརྒྱུད་གསལ་བསྒྲགས་སྤེལ་ཏེ་ཀྲུང་གོ་མི་དམངས་དང་སྲིད་གཞུང་ལ་འཚམས་འདྲི་ཞུས་པ་དང་སྦྲགས་མི་སྣ་ཤི་རྨས་བྱུང་བར་མྱ་ངན་ཞུ་ལུགས་མཚོན་པར་བྱས་པ་རེད།
         གསལ་བསྒྲགས་ནང་ཀུ་ཐེ་ལེ་སིས་རྨས་མ་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ། དགོས་མཁོ་ཡོད་ཚེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པས་ལྕོགས་ཚོད་ངང་ཀྲུང་གོར་རོགས་སྐྱོར་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།
         ཚེས་24ཉིན་གྱི་ཐོ་རེངས་སུ་ཀྲུང་གོའི་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་ཡི་མའོ་རྫོང་དུ་གློ་བུར་དུ་རི་ཉིལ་ནས་མི་120ལྷག་ཙམ་ས་འོག་ཏུ་མནན་པ་དང་རོགས་སྐྱོབ་པས་མིག་སྔའི་བར་ཕུང་པོ་15རྙེད་ཡོད་པ་རེད། གནོད་འཚེ་ཐོན་རྗེས་སི་ཁྲོན་ཞིང་ཆེན་གྱིས་འཕྲལ་མར་རང་བྱུང་གནོད་འཚེའི་གེགས་སེལ་འཕྲལ་སྡོམ་བརྡ་ལན་རིམ་པ་དང་པོ་སྤེལ་ནས་ཕྱོགས་ཁག་གི་སྟོབས་ཤུགས་ཛ་དྲག་ངང་སྐོང་འཐེན་བྱས་ཡོད། མིག་སྔའི་བར་རོགས་སྐྱོབ་བྱེད་མཁན་1000ལྷག་ཙམ་དང་འཕྲུལ་ཆས་150ལྷག་ཙམ་གྱིས་གནོད་འཚེ་ཐོན་སར་མི་སྣ་འཚོལ་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་ཡོད། ད་བར་མི་3བསྐྱབས་པ་དང་མི་320དུས་ཐོག་ཏུ་གནས་སྤོ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།