འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ནེའུ་ཙི་ལན་དུ་འབྱོར་བའི་ཕྱི་རྒྱལ་གྱི་འགྲུལ་པ་ཇེ་མང་དུ་སོང་ནས་ཟིན་ཐོ་གསར་པ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་27ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ནེའུ་ཙི་ལན་གྱི་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2017ལོའི་ཟླ་བ་ལྔ་པ་བར་གྱི་ཟླ་བ་བཅུ་གཉིས་ནང་ནེའུ་ཙི་ལན་དུ་འབྱོར་བའི་ཕྱི་རྒྱལ་གྱི་འགྲུལ་པ་མི་ཐེངས་ཁྲི་360ལས་བརྒལ་བ་དེ་ལོ་གོང་མའི་དུས་མཚུངས་ལས་10%འཕར་ནས་བསྐྱར་དུ་ཟིན་ཐོ་གསར་པ་བཏོད་པ་རེད།
         གྲངས་གཞི་ལས་མངོན་པར་ནེའུ་ཙི་ལན་དུ་འབྱོར་བའི་རྒྱལ་སྤྱིའི་འགྲུལ་པ་དེ་དག་ནང་40%ཨོ་སི་ཁྲུ་ལི་ཡ་ནས་ཡོང་བ་དང་11%ཀྲུང་གོ་ནས་ཡོང་བ་རེད། རྒྱལ་སྤྱིའི་འགྲུལ་པ་མང་པོ་དེ་འདྲ་ནེའུ་ཙི་ལན་དུ་ཡོང་བའི་དམིགས་ཡུལ་གཙོ་བོ་ནི་སྤྲོ་གསེང་གཏོང་བའམ་ཡང་ན་གཉེན་གྲོགས་འཕྲད་པར་ཡོང་བ་དེ་རེད།
         དུས་མཚུངས་ནེའུ་ཙི་ལན་ནས་མི་ཐེངས་ཁྲི་270ཕྱི་རྒྱལ་དུ་ཡུལ་སྐོར་ལ་བསྐྱོད་པ་དེ་ལོ་གོང་མའི་དུས་མཚུངས་ལས་11%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པའང་བཏོད་པ་རེད། ནེའུ་ཙི་ལན་བ་ཕྱི་རྒྱལ་དུ་ཡུལ་སྐོར་ལ་བསྐྱོད་མང་ཤོས་ཀྱི་ས་ཆ་ནི་ཨོ་སི་ཁྲུ་ལི་ཡ་དང་། ཨ་རི། ཀྲུང་གོ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།