འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་ཛ་དྲག་གི་བརྡ་
    ཐོ་བཏང་ནས་འབྲུབ་དུས་ཀྱི་བདེ་འཇཌ་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་
    དགོས་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་27ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་25ཉིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་ཛ་དྲག་གི་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་། འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་འབྲུབ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཡང་བསྐྱར་ཞིབ་བཤེར་དང་སླར་ཡང་དོན་འཁྱོལ་བྱས་ཏེ། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡ་གཏོང་ཤུགས་དང་སྔོན་ཚུད་ནས་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་མངོན་གསལ་དུ་བྱེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྐྱོང་གཏིང་ཟབ་བྱེད་པ། ལས་རེས་ལས་སྲུང་དང་འཕྲལ་སྡོམ་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འབྲུབ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རང་བྱུང་གནོད་འཚེ་ལས་ཐོན་པའི་ཐོན་སྐྱེད་དང་བདེ་འཇགས་ཀྱི་ལས་འཛོལ་ཐོན་རྒྱུ་སྔོན་འགོག་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་བསྟན་དོན། མིག་སྔར་ས་ཁུལ་ཁག་ཏུ་འབྲུབ་དུས་གཙོ་བོར་གཅིག་རྗེས་གཉིས་མཐུད་ངང་སླེབས་ནས་བདེ་འཇགས་ཐོན་སྐྱེད་ལ་ཤུགས་རྐྱེན་ངན་པ་བཟོ་བའི་འགལ་རྐྱེན་མང་དུ་སོང་བ་དང་ཐོན་སྐྱེད་དང་བདེ་འཇགས་ཀྱི་ལས་འཛོལ་ཐོན་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པས། ས་ཁུལ་ཁག་དང་། འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་འབྲུབ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཁྱད་ཆོས་ལ་སྔར་བས་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་འཕྲལ་དུ་འབྲུབ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཡང་བསྐྱར་ཞིབ་བཤེར་དང་། ཡང་བསྐྱར་སྐུལ་འདེད། ཡང་བསྐྱར་དོན་འཁྱོལ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཞན་ཆ་བཙལ་ནས་གསབ་པ་དང་། གསང་མེད་པ་བཟོ་བ། ཆད་ལུས་མི་ཡོང་བ་བཅས་བྱེད་དགོས་པ་དང་། བདེ་འཇགས་ལ་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁེ་ལས་ལ་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་ནས་བདེ་འཇགས་དོགས་ཟོན་གྱི་བྱེད་ཐབས་ཁག་ཤུགས་ཆེར་གཏོང་དགོས་པ། འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བ་དང་། བྱེད་ཐབས་ལ་ནུས་ལྡན་མིན་པ། ལས་དོན་དམིགས་སར་མི་འབྱོར་བ་བཅས་ལ་ཆ་མཚོན་ན། འཕྲལ་དུ་ཡོ་བསྲང་བྱེད་དགོས་པ་དང་གནས་ཚུལ་ཚབས་ཆེ་རིགས་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
         བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་ཁུལ་ཁག་གིས་གནོད་འཚེ་ཚབས་ཆེ་བའི་གནམ་གཤིས་ཀྱིས་བདེ་འཇགས་ཐོན་སྐྱེད་ལ་བཟོས་པའི་ཤུགས་རྐྱེན་ངན་པར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཆུ་འབྲུབ་ཚུལ་དང་གནོད་འཚེའི་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱེད་པ། བདེ་འཇགས་ལྟ་སྐུལ་དོ་དམ་དང་། གནམ་གཤིས། ཆུ་བེད། རྒྱལ་ཁབ་ས་ཆ། རྒྱ་མཚོ་སོགས་སྡེ་ཚན་དང་འབྲེལ་གཏུག་སྔར་བས་ཟབ་ཏུ་གཏོང་བ། མཐུན་སྦྱོར་གོ་རིམ་ལྡན་པ་དང་འཁོར་སྐྱོད་ཕན་ནུས་ཆེ་བའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་ཐུབ་པ་དང་དུས་མཉམ་དུ་བབ་བསྟུན་མཉམ་འགུལ་ཐུབ་པ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།