འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཚན་རྩལ་ཁྱབ་གདལ་ཐད་སླར་ཡང་བཀྲག་མདངས་འཚེར་ས་མངོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་27ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ཚན་རྩལ་དྲིལ་བསྒྲགས་མེ་འཁོར་བོད་དུ་བསྐྱོད་པའི”བྱེད་སྒོ་ཉེ་ཆར་སྤེལ་འགོ་ཚུགས་ཤིང་། གང་དུ་ལྕགས་ལམ་ཡོད་ན། དེ་གར་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ“ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས”བྱེད་སྒོ་བོད་དུ་སྤེལ་འགོ་ཚུགས་པ་རེད།
         “ངས་གཙོ་བོ་ས་ཡོམ་ཐད་ཀྱི་ཚན་རྩལ་ཁྱབ་གདལ་ཤེས་བྱ་འཁྲིད་ཀྱི་ཡོད། ད་ཐེངས་བྱེད་སྒོའི་ནང་འཆད་ཁྲིད་རབ་དང་རིམ་པ་བྱ་རྒྱུ་དང་འབྲེལ་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཚན་རྩལ་ཁྱབ་གདལ་གྱི་དཔྱད་ཡིག་ཁག་གཅིག་སྤྲད་ཡོད”ཅེས་ཀྲུང་གོ་ས་ཡོམ་ཅུས་ས་ཡོམ་གནོད་འཚེ་སྔོན་འགོག་སིའི་སྤྱི་ཚོགས་དྲིལ་བསྒྲགས་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཅིན་ལེས་དེ་ལྟར་བཤད་བྱུང་།
         ཚན་རྩལ་དྲིལ་བསྒྲགས་མེ་འཁོར་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ནག་ཆུ་ས་ཁུལ་བཅས་སུ་བསྐྱོད་ནས་ཚན་རྩལ་ཁྱབ་གདལ་གྱི་སློབ་ཚན་ཁྲིད་ཅིང་། “ཚན་རྩལ་དྲིལ་བསྒྲགས་མེ་འཁོར”དེ་རང་རྒྱལ་གྱི་ས་ཆ་མང་པོར་བསྐྱོད་དེ་བསྟུད་མར་བྱེད་སྒོ་སྤེལ་མྱོང་བ་དང་། ད་ཐེངས་བོད་དུ་བསྐྱོད་པ་དེ་ཚན་རྩལ་ཤེས་བྱ་ཡུལ་དེར་ཁྱབ་གདལ་གཏོང་རྒྱུར་ཕན་པ་ཐོན་རྒྱུ་རེད།
         ས་གཤིས་མཐོ་རིམ་བཟོ་བཀོད་པ་ཚེ་དབང་རྡོ་རྗེས་ད་ཕན་ལོ་ཤས་རིང་བོད་ཀྱིས་ཞིང་འབྲོག་ཁུལ་དུ་སྤེལ་བའི་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་ཇེ་མང་དུ་ཕྱིན་པ་དང་སློབ་གྲྭས་ཕྱོགས་བསྡུས་རང་བཞིན་གྱི་ཚན་རྩལ་ཁྱབ་གདལ་བྱེད་སྒོར་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད། འགྲིམ་འགྲུལ་དང་དེ་མིན་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ཕྱིན་པར་བརྟེན་བོད་ཀྱིས“གདན་འདྲེན་ཞུ་བ་དང་ཕྱིར་བསྐྱོད་པའི”རྩ་དོན་ལ་གཞི་ཚུགས་ནས་རྒྱལ་ནང་གི་རིགས་གཅིག་མཁས་ཅན་མང་པོ་ཞིག་གདན་དྲངས་ཏེ་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བར་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅེས་བཤད་བྱུང་།
         ཏོན་ཨེ་གོ་ནི་དེ་གོང་རྒྱལ་ནང་གི་ཞིང་ཆེན་མང་པོའི་ཚན་རྩལ་ཁྱབ་གདལ་བྱེད་སྒོའི་ནང་ཐེངས་མང་ཞུགས་མྱོང་ཡོད། ཁོང་གིས་ད་ཐེངས་བྱེད་སྒོ་དེ་མང་ཚོགས་ཁྲོད་གཏིང་ཟབ་སྤེལ་ཐུབ་པ་བྱུང་བ་དེར་དམིགས་སའི་རང་བཞིན་ལྡན་པའི་ཁར་དོན་སྙིང་གལ་ཆེན་ཡང་ལྡན་ཡོད་ཅེས་བཤད་བྱུང་།
         ཅིན་ལེས“ང་བོད་དུ་ཡོང་ཐེངས་དགུ་པ་ཡིན། ལོ་དེ་དག་ནང་བོད་འཕེལ་རྒྱས་ཆེན་པོ་ཕྱིན་འདུག ལྷག་པར་དུ་ཚན་རྩལ་ཁྱབ་གདལ་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་ཕྱིན་འདུག”ཅེས་བཤད་བྱུང་།
         བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གི་ཐིང་ཀྲང་འཕྲིན་ལས་དབང་རྒྱལ་གྱིས་བོད་ནི་ཚན་རྩལ་ཁྱབ་གདལ་མཁོ་ཤོས་ཀྱི་མཐའ་མཚམས་མི་རིགས་ས་ཁུལ་གྱི་གྲས་ཤིག་རེད། ང་ཚོས་ཚན་རྩལ་ཁྱབ་གདལ་བཏང་ནས་མི་རྣམས་ལ་ཚན་རིག་གི་བསམ་བློ་དང་ཚན་རིག་གི་སྙིང་སྟོབས་བཙུགས་ཏེ་ཚན་རིག་ཤེས་དཔལ་གྱི་འཚོ་བ་དོན་གཉེར་ཐུབ་པ་བྱེད་དགོས་ཞེས་བཤད།
         འདི་ལོ་བོད་ཀྱིས་ཚན་རྩལ་ཁྱབ་གདལ་གཏོང་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་འབྲེལ“ཚན་རྩལ་གཤམ་སྐྱོད”དང་། “ཚན་རྩལ་བྱེད་སྒོའི་གཟའ་འཁོར”“གངས་ལྗོངས་ཚན་རྩལ་ཁྱབ་གདལ་སློབ་ཁང་ཆེ་མོ”སོགས་ཚུད་པའི་སྤུས་རྟགས་ཚན་རྩལ་ཁྱབ་གདལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་འབྲེལ། འདི་ལོ་ཀྲུང་གོ་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་མང་པོ་ཞིག་ལྷ་སར་གདན་དྲངས་ཏེ་ཚན་རྩལ་ཁྱབ་གདལ་གྱི་གཏམ་བཤད་བྱེད་སྒོ་སྤེལ་བ་རེད། དེ་དང་ཆབས་ཅིག་བོད་ཀྱི་ཚན་རྩལ་གསར་གཏོད་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཞིང་། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གིས་ཟླ་གཉིས་པའི་ཟླ་མཇུག་ཏུ་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་ལྗོངས་ནང་ཁུལ་གྱི་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་པ་དང་མི་ཁྲི་1.09ཟིན་ཡོད།
         ཐེངས་དགུ་པའི་ཀྲུང་གོ་སྤྱི་དམངས་ཚན་རིག་བྱང་ཚད་བརྟག་དཔྱད་ལས་མངོན་པར། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་ཚན་རྩལ་ཁྱབ་གདལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་2015ལོར་རང་སྐྱོང་ལྗོངས་ཀྱི་སྤྱི་དམངས་ལ་ཚན་རྩལ་བྱང་ཚད་ལྡན་པའི་བསྡུར་ཚད་དེ་2010ལོའི་ལྡབ་20ཙམ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།