འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་པད་མ་རྫོང་གི་སྤོས་ཀྱི་དྲི་ཞིམ་འཐུལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་27ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཀྲུང་གོ་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་བཅོ་བརྒྱད་པའི་ཐོག་པད་མ་རྫོང་གི་ཐོན་རྫས་རིགས་23གྱི་སྣ་ཁ་70ལྷག་ཙམ་ལ་མ་འཇོག་དང་བྲིན་ཁ་རྒྱུག་པའི་ཚ་རབས་ཤིག་འཕྱུར་བ་མ་ཟད། པད་མ་རྫོང་གི་འགྲེམས་ཁུལ་གྱི་ངོ་མཚར་ཆེ་བའི་དྲི་ཞིམ་དེས་སྐྱེ་བོ་མང་པོའི་སྣ་བའི་གསོས་སུ་གྱུར་ནས་དེ་གར་སྐད་ཆ་འདྲི་བར་ཡོང་མཁན་མང་པོ་ཡོད་པ་དང་ད་རེས་ཀྱི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་པད་མ་རྫོང་གི་སྤོས“སྤུས་རྟགས་གྲས་སུ”ཚུད་ཡོད་པ་རེད།
         སྤོས་ནི་རྩ་ཆེའི་སྨན་རྩྭ་མང་པོ་ལས་སྣོན་བྱས་པ་ལས་གྲུབ་པ་ཞིག་ཡིན་པས། སྒྲིབ་དང་ངལ་དུབ་སེལ་བ་དང་། མགོ་ཡུ་འཁོར་བ། ཆམ་རིམས། ལ་དུག་ཕོག་པ་ལ་སོགས་ལ་ཕན་པ་དང་མིའི་ལུས་པོའི་རྙིང་དོར་གསར་ལེན་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ལྡན་ཡོད་ལ། ལུས་ཀྱི་དྲི་མ་དག་པ་དང་སེམས་རྣལ་ལ་ཕབ་པ། བློ་དང་རིག་པ་གསལ་པོ་ཡོང་བ་སོགས་ལ་ཤིན་ཏུ་ཕན།
         ཤེས་རྟོགས་བྱུང་བར་གཞིགས་ན། མང་ཚོགས་དབུལ་པོའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་སྔར་བས་ཡངས་སུ་གཏོང་ཆེད། པད་མ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་བསྒྱུར་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་བྱེད་པ། སྲིད་གཞུང་གིས་སྣེ་ཁྲིད་དང་མ་འཇོག་ཟུང་འབྲེལ་གྱི་བྱ་ཐབས་སྤྱོད་པ་བཅས་བྱས་པས། “ཚོང་ཟོག་ཆུང་ངུ་དང་ཁྲོམ་ར་ཆེན་པོའི”ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་ཞིག་ཆགས་པ་དང་སྲོལ་རྒྱུན་གྱི་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་བ་ནུས་ལྡན་ཐེབས་ནས་མང་ཚོགས་ཀྱི་འབབ་འཕར་ལམ་བུ་ཡངས་སུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།