འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་ས་དང་ཤང་ཀང་དབར་གྱི་རིག་གནས་སྤེལ་རེས་ཐད་ཀྱི་རྣམ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་27ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་25ཉིན། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉི་ཤུ་འཁོར་བའི་གོང་དུ་རིག་གནས་པུའི་པུའུ་ཀྲང་གཞོན་པ་ཏིང་ཝུའེ་ཡིས་ཚེས་25ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ཚུན་ནང་ས་དང་ཤང་ཀང་དབར་གྱི་རིག་གནས་སྤེལ་རེས་ཐད་ཉིན་བཞིན་ཟབ་པ་དང་། ཕུན་སུམ་ཚོགས་པ། སྐྱོན་བྲང་ངང་འཕེལ་རྒྱས་འགྲོ་བ་བཅས་ཀྱི་རྣམ་པ་མངོན་ནས་ཕྱོགས་ཡོངས་དང་། ཁྱབ་ཁོངས་ཡངས་བ། ཐབས་ལམ་མང་བ་བཅས་ཀྱི་སྤེལ་རེས་རྣམ་པ་རིམ་བཞིན་ཆགས་ནས་ཀྲུང་ཧྭ་ཡི་རིག་གནས་ཤང་ཀང་དུ་ཁྱབ་སྤེལ་དང་རྒྱུན་འཛིན་བྱ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་པ་དང་སྤུན་ཟླ་ཤང་ཀང་བས་རྒྱལ་ཁབ་དང་། མི་རིགས། ཀྲུང་ཧྭ་ཡི་རིག་གནས་བཅས་ལ་མོས་སེམས་བྱ་ཤུགས་ཆེ་རུ་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་བཤད།
         ཏིང་ཝུའེ་ཡིས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ནང་ས་དང་ཤང་ཀང་དབར་རིག་གནས་སྤེལ་རེས་བྱེད་ཟབ་ཏུ་ཕྱིན་པ་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཤང་ཀང་ལས་དོན་གྱི་འཐབ་ཇུས་དང་བྱེད་ཕྱོགས་ཀྱི་མཛུབ་སྟོན་འོག་ནང་ས་དང་ཤང་ཀང་དབར་གྱི་རིག་གནས་སྤེལ་རེས་སྣ་མང་ཕུན་སུམ་ཚོགས་པོ་བྱུང་ནས་རྣམ་གྲངས་ཀྱི་ལོ་རེའི་ཆ་སྙོམས་སྤེལ་རེས་བྱེད་ཚད་750དང་མི་ཐེངས་ཁྲི་1ཟིན་ཏེ་ཕྱིར་ལོག་མ་བྱས་གོང་ལས་ལྡབ་གཅིག་འཕར་ཡོད་ཅེས་བཤད།
         ཏིང་ཝུའེ་ཡིས་རིག་གནས་པུའུ་ཡིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དམངས་སྲིད་ལས་དོན་ཅུས་དང་2005ལོར་《ནང་ས་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དེ་བས་ཟབ་པའི་རིག་གནས་འབྲེལ་བ་བཀོད་སྒྲིག་གྲོས་ཆོད་ཡི་གེར་》མིང་རྟགས་བཀོད་དེ“གཉིས་ཁེ་གཉིས་ཕན་དང་། མཉམ་ལས་ལ་ཤུགས་སྣོན། ཐུན་མོང་ཐོག་འཕེལ་རྒྱས”བཅས་རྩ་དོན་དུ་བྱས་ཏེ་ནང་ས་དང་ཤང་ཀང་དབར་གྱི་རིག་གནས་ཐད་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཁྱབ་ཁོངས་དང་ཐབས་ལམ་འཆར་འགོད་བྱས་ཏེ་ལམ་སྲོལ་ཐད་ཤང་ཀང་ས་ཁུལ་གྱི་རིག་གནས་སྤེལ་རེས་དང་མཉམ་ལས་འགན་ལེན་བྱས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།