འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་མཐོ་སྒང་དུ་འཁྱགས་རོམ་རྟོག་ཞིབ་ཐེངས་གཉིས་པའི་ཚན་རིག་རྟོག་ཞིབ་བྱེད་
    འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་བོད་མཐོ་སྒང་དུ་འཁྱགས་རོམ་རྟོག་ཞིབ་ཐེངས་གཉིས་པའི་ཚན་རིག་རྟོག་ཞིབ་བྱེད་
འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་24ཉིན། གདང་ལ་རི་བོའི་ལུང་ཤར་རྩེ་ལུང་པའི་འཁྱགས་རོམ་མདུན་དུ། མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གཙང་པོ་མཚེའུ་ཡི་འབྱུང་ཁུངས་འཁྱགས་རོམ་དང་ཁོར་ཡུག་འགྱུར་ལྡོག་རྟོག་ཞིབ་རུ་ཁག་གི་མདུན་སའི་སྒར་ས་ཆེན་པོ་འཛུགས་སྐྲུན་བྱེད་མཇུག་བསྒྲིལ་ཞིང་། སྒར་ས་ཆེན་པོར་སྡོད་པའི་ཚན་རིག་ལས་སྒྲུབ་མི་སྣ་32ཀྱིས་ཚེས་25ཉིན་ནས་ཚན་རིག་རྟོག་ཞིབ་ལས་ཀ་བྱེད་འགོ་དངོས་སུ་བརྩམས་ཡོད་པ་རེད། ཐེངས་འདིའི་ཚན་རིག་རྟོག་ཞིབ་ནི་གཙོ་བོར་འཁྱགས་རོམ་ཁུལ་3ལ་དམིགས་ནས་ལས་དོན་སྤེལ་རྒྱུ་ཡིན་པ་སྟེ། སྐུ་ལྷ་དར་མདོང་འཁྱགས་རོམ་དང་། གདང་ལའི་འཁྱགས་རོམ། བུ་རོགས་གངས་རིའི་འཁྱགས་རོམ་བཅས་རེད། ཚན་རིག་ཞིབ་འཇུག་མི་སྣ་ཚོས་འཁྱགས་རོམ་ལ་གོ་རིམ་ལྡན་པའི་ལྟ་དཔྱད་ཚད་འཇལ་བྱས་པ་བརྒྱུད། ཉེ་བའི་ལོ་50རིང་གཙང་པོ་མཚེའུ་ཡི་འབྱུང་ཁུངས་འཁྱགས་རོམ་ལ་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་གསལ་བཤད་བྱེད་རྒྱུ་དང་། གཏིང་ཐུང་འཁྱགས་ཉིང་(浅冰芯)བླངས་པར་བརྟེན་ནས་ལོ་ངོ་100འདས་ཤིང། ཁྱད་པར་དུ་ཉེ་བའི་ལོ་50རིང་རྒྱ་མཚོའི་ངོས་ལས་ས་བབ་མཐོ་བའི་ས་ཁུལ་གྱི་དྲོད་ཚད་དང་ཆར་ཆུ་འབབ་པའི་འགྱུར་ལྡོག་བྱུང་ཚུལ་བསྐྱར་གསོ་བྱེད་རྒྱུ། འཁྱགས་རོམ་མཇུག་སྣེའི་ཞུ་ཆུ་བཞུར་བར་གོ་རིམ་ལྡན་པའི་ལྟ་དཔྱད་ཚད་འཇལ་བྱེད་པར་བརྟེན་ནས་འཁྱགས་རོམ་ཞུ་ཆུ་མཚེའུ་དང་ཆུ་བོར་བཞུར་རྒྱུག་བྱེད་པའི་ལེགས་སྐྱེས་གསལ་སྟོན་བྱེད་རྒྱུ་རེད།
    ༄༅།།མཚོ་བོད་མཐོ་སྒང་དུ་འཁྱགས་རོམ་རྟོག་ཞིབ་ཐེངས་གཉིས་པའི་ཚན་རིག་རྟོག་ཞིབ་བྱེད་
འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།