འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་སྐོར་བ་གཉིས་ཀྱིས་ཁྲིམས་འགལ་ངང་རྐང་ཐང་མར་གཟི་ཚ་སྡེ་དགུ་བརྒལ་བར་ཆད་པ་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཧོ་པེ་ཧན་ཏན་གྲོང་ཁྱེར་ནས་ཡོང་བའི་ཡུལ་སྐོར་བ་ཝུའུ་ཆེ་གེ་མོ་དང་དབུན་ཆེ་གེ་མོ་གཉིས་ཀྱིས་གཟི་ཚ་སྡེ་དགུའི་ཕྱི་ནས་རྐང་ཐང་མར་གཟི་ཚ་སྡེ་དགུའི་རང་བྱུང་སྲུང་སྐྱོང་ཁུལ་མཚོ་རིང་བར་བསྐྱོད་པར་ཁྲིམས་ལྟར་ཆད་པ་ཕོག་པ་རེད།
         གསར་འགོད་པར་གཟི་ཚ་སྡེ་དགུ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། གཟི་ཚ་སྡེ་དགུ་དོ་དམ་ཅུས་ཀྱིས་སྲུང་སྐྱོང་ཁུལ་གྱི་བདེ་འཇགས་ལ་འཆར་ཅན་ཞིབ་བཤེར་བྱེད་པའི་ཁྲོད། ཧོ་པེ་ཧན་ཏན་གྲོང་ཁྱེར་གྱི་ཝུའུ་ཆེ་གེ་མོ་དང་དབུན་ཆེ་གེ་མོས་མཚོ་རིང་གི་ལྷ་མོའི་ཁྲུས་ཀྱི་བྲག་རིར་སྒྲིག་འགལ་ངང་རྐང་ཐང་མར་ཡུལ་སྐོར་དུ་བསྐྱོད་པ་ཤེས་རྟོགས་བྱུང་། འདྲི་རྩད་བྱས་པ་བརྒྱུད། ཡུལ་སྐོར་བ་གཉིས་ཀྱིས་ཁྲིམས་འགལ་ངང་གཟི་ཚ་སྡེ་དགུ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོངས་སུ་འཛུལ་ནས་རྐང་ཐང་མར་ཉིན་2བསྐྱོད་དེ་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་བཏང་བས་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་ཡོད་པ་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག་》གི་འབྲེལ་ཡོད་གཏན་འབེབས་ལས་ཚབས་ཆེན་འགལ་བས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག་》དང་《སི་ཁྲོན་ཞིང་ཆེན་ནགས་ལས་སྲིད་འཛིན་ཆད་གཅོད་ཚད་གཞི་》གཞིར་བཟུང་། ཁྲིམས་ལྟར་མི་དེ་གཉིས་པོར་དངུལ་ཆད་སྒོར་1000རེ་གཏོང་རྒྱུའི་ཆད་པ་བཅད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།