འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ཁི་སི་ཐན་གྱི་སྣུམ་སྐྱེལ་རླངས་འཁོར་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་200ལྷག་ལ་ཤི་རྨས་ཐེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅།།ཕ་ཁི་སི་ཐན་གྱི་སྣུམ་སྐྱེལ་རླངས་འཁོར་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་200ལྷག་ལ་ཤི་རྨས་ཐེབས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་25ཉིན། ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་སྨྱན་སྦྱོར་ཏུ་བསྒྲགས་པ་ལྟར་ན། ཉིན་དེར་ཕ་ཁི་སི་ཐན་ཤར་རྒྱུད་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་པཱ་ཧ་བ་ཨར་པུའུ་ཨར་ས་ཁུལ་དུ་སྣུམ་སྐྱེལ་རླངས་འཁོར་ཞིག་ཡོ་ལོག་ནས་མེ་སྐྱོན་བྱུང་སྟེ་མི་140གྲོངས་པ་དང་། མི་100ལ་རྨས་སྐྱོན་ཕོག་པ་རེད། རྨས་མ་ལ་ལའི་རྨས་སྐྱོན་ཚབས་ཆེ་བས་འདས་པོ་ཇེ་མང་དུ་འགྲོ་ཉེན་ཡོད་པ་རེད།
        མཐོང་མཁན་ཞིག་གིས་བཤད་པ་ལྟར་ན། དོན་རྐྱེན་བྱུང་དུས་ནི་ས་གནས་དེ་གའི་ཚེས་25ཉིན་གྱི་ཆུ་ཚོད་6དང་སྐར་མ་30ཡས་མས་ཡིན་ཞིང་། སྣུམ་སྐྱེལ་རླངས་འཁོར་ཞིག་གི་འཁོར་ལོ་རྡོལ་ནས་ཡོ་ལོག་བྱུང་བས། ཉེ་འཁོར་གྱི་མི་མང་པོས་འཕྲུལ་རྟ་བསྐོར་ནས་ལྟད་མོ་ལྟ་བར་སོང་བ་དང་། སོ་སོས་སྣུམ་སྐྱེལ་རླངས་འཁོར་ལས་བཞུར་བའི་སྣུམ་འཁྱེར་ཅིང་དེའི་རྗེས་སུ་རླངས་འཁོར་མེར་ཤོར་ཏེ་མི་འབོར་ཆེན་ལ་ཤི་རྨས་བྱུང་བ་རེད།
         པཱ་ཧ་བ་ཨར་པུའུ་ཨར་ས་ཁུལ་གྱི་སྨན་ཁང་ཞིག་གི་འགན་འཁུར་པས་སྨྱན་སྦྱོར་ཏུ། ཉུང་མཐར་ཡང་འདས་པོ་120ཡི་བེམ་རོ་དང་རྨས་མ་100ལྷག་ཙམ་ས་གནས་ཀྱི་སྨན་ཁང་ཁག་ལ་བསྐྱལ་ཡོད་ལུགས་བསྟན་པ་རེད།
         ཉེན་རྟོག་པ་ཕྱོགས་ཀྱིས་བསྟན་པ་ལྟར་ན། མེ་སྐྱོན་ལས་འཕྲུལ་རྟ་75དང་རླངས་འཁོར་6ལྷག་ཙམ་འཚིགས་པ་དང་། དེའི་ནང་ཉེན་རྟོག་པའི་རླངས་འཁོར་གཅིག་ཀྱང་ཚུད་ཡོད་པ་རེད།
         དོན་རྐྱེན་བྱུང་རྗེས། ས་གནས་དེ་གའི་མེ་གསོད་མེ་འགོག་སྡེ་ཁག་གིས་འཕྲལ་མར་མེ་གསོད་མེ་འགོག་རླངས་འཁོར་3མངགས་ཏེ་མེ་གསོད་པར་ཕྱིན་པ་དང་། ད་ལྟ་མེ་སྐྱོན་བསད་ཚར་ཡོད་པ་རེད།
         ཕ་ཁི་སི་ཐན་གྱི་སྲིད་འཛིན་ཧའོ་ཟེ་ཨིན་དང་སྲིད་བློན་ཞེ་ལི་ཧྥུའུ་གཉིས་ཀྱིས་སྣུམ་སྐྱེལ་རླངས་འཁོར་ལ་མེ་སྐྱོན་བྱུང་བ་ལས་ཤི་རྨས་ཚབས་ཆེན་ཐེབས་པའི་དོན་རྐྱེན་འདི་བྱུང་བར་མྱ་ངན་ཞུས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་གྱིས་ནུས་ཤུགས་གང་ཡོད་བཏོན་ནས་རྨས་མ་མྱུར་སྐྱོབ་དགོས་པའི་རེ་བ་བཏོན། ཕ་ཁི་སི་ཐན་སྐམ་དམག་གི་ཚན་མོའུ་ཀྲང་པཱ་ཅེ་ཝ་ཡིས་དམག་ཕྱོགས་ནས་མྱུར་སྐྱོབ་ལས་ཀར་ཞུགས་པར་བཀའ་རྒྱ་བཏང་ཡོད་པ་མ་ཟད། ཐད་འཕུར་གནམ་གྲུ་མངགས་གཏོང་བྱས་ཏེ་མྱུར་སྐྱོབ་ལ་གཞོགས་འདེགས་བྱས་ཡོད་པ་རེད།
    【1】  【2】  【3】  【4】
    ༄༅།།ཕ་ཁི་སི་ཐན་གྱི་སྣུམ་སྐྱེལ་རླངས་འཁོར་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་200ལྷག་ལ་ཤི་རྨས་ཐེབས་པ།
      

    ཕྱོགས་བསྡུས་གསར་འགྱུར།