འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ཉིང་རིམ་མཐོའི་གཞུང་ལམ་དུས་རིམ་གཉིས་པ་བྲེལ་བརྩོན་ཆེ་ལ་གོ་རིམ་ལྡན་པའི་ངང་
    སྐྲུན་བཞིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷ་ཉིང་རིམ་མཐོའི་གཞུང་ལམ་དུས་རིམ་གཉིས་པ་བྲེལ་བརྩོན་ཆེ་ལ་གོ་རིམ་ལྡན་པའི་ངང་
སྐྲུན་བཞིན་པ།
         མི་དམངས་དྲ་བའི་འཕྲིན། ལམ་ཐག་ཧྲིལ་པོར་སྤྱི་ལེ་409ཡོད་པའི་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་མགོ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་ནས་བཙུགས་པ་དང་མཇུག་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་གྲོང་རྡལ་ནས་བསྡུས་པ་དེ་ནི་བོད་དབུས་་ཤར་གྱི་དཔལ་འབྱོར་ཁུལ་དང་ཐ་ན་ལྷོ་ནུབ་ཆེ་མོ་སྦྲེལ་བའི་བགྲོད་ལམ་གཙོ་བོ་ཞིག་རེད། གསར་འགོད་པས་ལྷ་ཉིང་རིམ་མཐོའི་གཞུང་ལམ (དུས་རིམ་གཉིས་པའི་)ལས་གྲྭའི་རྣམ་གྲངས་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར། རྣམ་གྲངས་དུམ་བུ་དེའི་ཟམ་པ་དང་ཕུག་ལམ་གཙོ་བོ་བྲེལ་བརྩོན་ཆེན་པོས་ཨར་སྐྲུན་བྱེད་བཞིན་པ་དང་ལས་གྲྭའི་འཕེལ་རིམ་ཡང་བདེ་བླག་བྱུང་ཞིང་། གོང་གི་པར་རིས་ནི་མཁའ་ཐོག་ནས་བརྒྱབ་པའི་འཛུགས་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་ཀོང་པོ་རྒྱ་མདའ་ནས་བྲག་ཡིབ་གྲོང་རྡལ་བར་གྱི་ལམ་དུམ་བུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།