འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་མའོ་རྫོང་དུ་རི་ཉིལ་གནོད་འཚེ་བྱུང་བས་ཛ་དྲག་མྱུར་སྐྱོབ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སི་ཁྲོན་མའོ་རྫོང་དུ་རི་ཉིལ་གནོད་འཚེ་བྱུང་བས་ཛ་དྲག་མྱུར་སྐྱོབ་བྱེད་པ།
           མི་དམངས་དྲ་བའི་འཕྲིན། ད་ལྟ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མའོ་རྫོང་གི"6•24"རི་ཉིལ་གནོད་འཚེ་ཚབས་ཆེན་འཕྲལ་བསྟུན་མྱུར་སྐྱོབ་དང་འཇུག་སྐྱོང་ལས་དོན་སྔར་བཞིན་སྒྲུབ་བཞིན་ཡོད་པ་རེད། གནོད་འཚེ་བྱུང་རྗེས་མི་93གར་སོང་ཆ་མེད་དུ་གྱུར་ཡོད་ལ། མི་3རྨས་སྐྱོན་བྱུང་ནས་སྨན་ཁང་དུ་བསྐྱལ་ཡོད་པ་རེད། རྨས་མར་སྨན་བཅོས་དང་ཁྱིམ་མིར་སེམས་གསོ། འཇུག་སྐྱོང་གི་ལས་དོན་བསྒྲུབ་པ། འབྱུང་རྐྱེན་རྩད་ཞིབ་སོགས་ཀྱི་ལས་དོན་ཡང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
           མྱུར་སྐྱོབ་གནོད་སེལ་བཀོད་འདོམས་པུའུ་ཡིས་སྤེལ་བའི་གསར་འགྱུར་བརྡ་གཏོང་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ་དུ། སྔ་དུས་ཡོངས་བསྒྲགས་བྱས་པའི་གར་སོང་ཆ་མེད་དུ་གྱུར་པའི་མི་གྲངས་118ཀྱི་ཁྲོད་ནས་མི་15བདེ་འཇགས་ཡིན་པ་གཏན་འཁེལ་བྱུང་བ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།སི་ཁྲོན་མའོ་རྫོང་དུ་རི་ཉིལ་གནོད་འཚེ་བྱུང་བས་ཛ་དྲག་མྱུར་སྐྱོབ་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།