འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅༎གྲོང་ཁྱེར་པ་སེའར་གྱི་སྒྱུ་རྩལ་འགྲེམས་སྟོན་སྐབས་48པ་འགོ་ཚུགས་པ།

    ——གོ་ལ་ཧྲིལ་པོའི་བར་ཁྱམས་ཚོན་རིས་ཅན་རྩེ་གྲ་ཚང་མ་མཉམ་དུ་འཛོམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། "གོ་ལ་ཧྲིལ་པོའི་སྒྱུ་རྩལ་ཁྲོམ་རའི་རླུང་ཕྱོགས་སྟོན་རྟགས"ཞེས་བརྗོད་པའི་གྲོང་ཁྱེར་པ་སེའར་གྱི་སྒྱུ་རྩལ་འགྲེམས་སྟོན་སྐབས་48པས་ཉེ་ཆར་སྨྱན་སྦྱོར་ལ་གྲ་སྒྲིག་འགྲེམས་སྟོན་བྱས་པ་རེད། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་35ནས་ཡོང་བའི་བར་ཁྱམས་ཚོན་རིས་ཅན་རྩེ་གྲ་300ལྷག་ཙམ་དེ་གར་མཉམ་འཛོམས་ཀྱིས་ལྟ་སྐོར་བར་དུས་རབས་20པ་ཚུན་གྱི་དེང་རབས་སྒྱུ་རྩལ་བརྩམས་ཆོས་སྣ་ཚོགས་འགྲེམས་སྟོན་བྱ་རྒྱུ་རེད།
         ད་རེས་ཀྱི་གྲོང་ཁྱེར་པ་སེའར་གྱི་སྒྱུ་རྩལ་འགྲེམས་སྟོན་ནང"བར་ཁྱམས་ཚོན་རིས་ཅན་མཉམ་འཛོམས"སོགས་འགྲེམས་ཁུལ་8ཡོད་པ་རེད། སྒྱུ་རྩལ་འགྲེམས་སྟོན་གྱི་སྣེ་འཁྲིད་ཁག་གཅིག་ཡིན་པའི་ངོས་ནས"བར་ཁྱམས་ཚོན་རིས་ཅན་མཉམ་འཛོམས"འགྲེམས་ཁུལ་དུ་འགྲེམས་སྟོན་ཐོག་ཞུགས་པའི་བར་ཁྱམས་ཚོན་རིས་ཅན་གྱི་ཁུལ་226གཅིག་ཏུ་འདུས་ནས་ལྟད་མོ་བ་ཚོར་རི་མོ་དང་། འཇིམ་རྐོས། པར་རྒྱག བརྙན་ཕབ། སྒྲིག་ཆས་སྒྱུ་རྩལ་སོགས་རིགས་སྣ་ཚོགས་ཀྱི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་བྱ་རྒྱུ་རེད།
         འདི་ལོ་སྒྱུ་རྩལ་བར་ཁྱམས་ནང་ཞུགས་པའི་འགྲེམས་ཁུལ་18ཡོད་པའི་ནང་ཐོག་མར་འགྲེམས་སྟོན་ནང་ཞུགས་པའི་ཀྲུང་གོའི་སྒྱུ་རྩལ་བར་ཁྱམས་གཉིས་ཡོད་པ་དེ་པེ་ཅིང་གི་བདུད་བདར་རྡོའི་བར་མཐོངས་དང་ཧྲང་ཧའེ་ཡི་གནམ་སྐུད་བར་མཐོངས་གཉིས་རེད།
         གྲོང་ཁྱེར་པ་སེའར་གྱི་སྒྱུ་རྩལ་འགྲེམས་སྟོན་དེ་1970ལོར་གཉེར་འགོ་ཚུགས་པ་མ་ཟད་ཡོ་རོབ་ནས་ཨ་མེ་རི་ཁ་གླིང་དང་ཨེ་ཤེ་ཡ་བར་རྒྱ་བསྐྱེད་བཏང་ཡོད། 2013ལོར་ཀྲུང་གོའི་ཤང་ཀང་དུ་གཉེར་ནས་ཨེ་ཤེ་ཡའི་ས་ཁུལ་གྱི་ཆེས་གལ་ཆེའི་སྒྱུ་རྩལ་འགྲེམས་སྟོན་གྱི་གྲས་ཤིག་ཏུ་གྱུར་ཡོད། སྐབས་འདིའི་གྲོང་ཁྱེར་པ་སེའར་གྱི་འགྲེམས་སྟོན་དེས་ཟླ་6ཚེས་15ནས་18ཉིན་བར་མང་ཚོགས་ལ་དངོས་སུ་སྒོ་མོ་འབྱེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།