འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོ་ཀོང་ཧོ་ཚོགས་པས་དབྱིན་ཇིར་མ་འཇོག་བྱས་པའི་ཉིང་གློག་རྣམ་གྲངས་གཉེར་འགོ་
    ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་ཀོང་ཧོ་ཚོགས་པས་(གཤམ་དུ་ཀྲུང་ཀོང་ཧོ་ཞེས་བསྡུ་རྒྱུ་)དབྱིན་ཇིར་མ་འཇོག་བྱས་པའི"ཧྭ་ལུང་ཨང་དང་པོ"ཞེས་པའི་རྣམ་གྲངས་ཀུང་སི་ལོན་ཏོན་དུ་སྒོ་བྱང་བཀལ་བ་རེད། ཀྲུང་ཀོང་ཧོའི་ཏུང་ཧྲི་ཀྲང་ཧོ་ཡུས་ཀྱིས་དབྱིན་ཇིའི་མུ་འབྲེལ་ཀུང་སིའི་དངོས་གཞི་ཅན་འཁོར་རྒྱུག་ཐུབ་པ་དང་བསྟུན་ནས་ཀྲུང་ཀོང་ཧོས་དབྱིན་ཇིའི་ཉིང་གློག་ཁྱབ་ཁོངས་སུ་མ་འཇོག་བྱ་རྒྱུ་དེ་བརྟན་པོའི་ངང་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བཤད་པ་རེད།
         "དབྱིན་ཇིའི་ཉིང་གློག་རྣམ་གྲངས་ནི་ཀྲུང་གོ་དང་དབྱིན་ཇིའི'རྫོགས་ལྡན་དུས་རབས'ཀྱི་རྣམ་གྲངས་ཐོག་མ་དེ་ཡིན་ལ། 'རྒྱུད་གཅིག་ལམ་གཅིག'རྣམ་གྲངས་ཀྱི་འགག་རྩའི་འདེགས་གཞིའང་ཡིན། དབྱིན་ཇིར་ཡོད་པའི་ཀྲུང་ཀོང་ཧོའི་འབྲེལ་ཡོད་ཀུང་སི་བཙུགས་རྗེས་དབྱིན་ཇིར་ཉིང་གློག་རྣམ་གྲངས་གསར་སྐྲུན་དང་ལྷག་པར་དུ'ཧྭ་ལུང་ཨང་དང་པོ'ཞེས་པའི་རྣམ་གྲངས་ཀུང་སི་དབྱིན་ཇིར་གཉེར་འགོ་ཚུགས་རྒྱུ་རེད"ཅེས་ཧོ་ཡུས་ཀྱིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།