འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་མོ་གླང་མའི་འདབས་ཀྱི་ལྗང་མདོག་སྲུང་མཁན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་12ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ལོ་41ལ་སླེབས་པའི་ཚེ་རིང་ནོར་བུས་གྲོང་མི་ཚོ་སྣེ་ཁྲིད་དེ་གད་སྙིགས་སྒྲུག་པ།
    ལོ་41ལ་སླེབས་པའི་ཚེ་རིང་ནོར་བུས་གྲོང་མི་ཚོ་སྣེ་ཁྲིད་དེ་གད་སྙིགས་སྒྲུག་པ།
         མི་དམངས་དྲ་བའི་འཕྲིན། ཇོ་མ་གླང་མའི་འདབས་སུ་མི་ཚོགས་འདི་འདྲ་ཞིག་ཡོད་པ་སྟེ་ས་གནས་དེ་གའི་མང་ཚོགས་ཀྱིས་ཁོང་ཚོར“ཕན་བདེ་བ”ཞེས་འབོད་ཀྱི་ཡོད།
         2009ལོར་ཇོ་མོ་གླང་མ་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཅུས་ཀྱི་རྒྱབ་སྐྱོར་འོག་ཚེ་རིང་ནོར་བུས“ཕན་བདེ་བ”ཞེས་པའི་མཐུན་ཚོགས་ཤིག་བཙུགས་ཡོད། མཐུན་ཚོགས་དེ་འདྲ་ཞིག་བཙུགས་པའི་དམིགས་ཡུལ་ནི་དམངས་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རང་བྱུང་སྲུང་སྐྱོང་ཁུལ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་དང་། སྡེ་ཁུལ་གྱི་གྲོང་མིར་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་རྒྱུའི་སྐུལ་འདེད་གཏོང་རྒྱུའི་ཆེད་དུ་རེད། མིག་སྔའི་བར་མཐུན་ཚོགས་དེས“ཕན་བདེ་བ”400ལྷག་གསོ་སྐྱོང་བྱས་ཡོད།
         ཉེ་བའི་ལོ་ཤས་རིང་། “གླང་རྒན་ཐེབས་རྩ་ཚོགས་པ”སོགས་རྒྱལ་ནང་གི་སྤྱི་ཕན་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག་མཐུན་ཚོགས་དེས་སྲོལ་རྒྱུན་གྱི་ལུག་ཚང་སྒྱུར་བཀོད་དང་། འདམ་རར་ཆུ་གསབ་པ། ཁོར་ཡུག་སྲུང་སྐྱོང་སློབ་གསོ། རྩལ་ནུས་གསོ་སྦྱོང་སོགས་རྣམ་གྲངས་རབ་དང་རིམ་པ་སྔ་རྗེས་སུ་ལག་བསྟར་བྱས་ཡོད།
    འདམ་རར་ཆུ་འདྲེན་པར་སྐྱོད་པ།
    འདམ་རར་ཆུ་འདྲེན་པར་སྐྱོད་པ།
    འདམ་རར་ཆུ་གསབ་པ།
    འདམ་རར་ཆུ་གསབ་པ།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།