འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅༎2017ལོའི་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཀྱི་འཕྲུལ་
    གློག་ཐོན་རྫས་འགྲེམས་སྟོན་ཝེ་ཐེ་ནམ་དུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཀྱི་འཕྲུལ་གློག་ཐོན་རྫས་འགྲེམས་སྟོན་(ཝེ་ཐེ་ནམ་)ཉེ་ཆར་ཝེ་ཐེ་ནམ་གྱི་རྒྱལ་ས་ཧ་ནོ་དབྱིའི་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་བྱེད་འགོ་ཚུགས་ཤིང་། ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་14ནས་ཡོང་བའི་འཕྲུལ་གློག་ཁེ་ལས་106འགྲེམས་ཞུགས་བྱས་པ་རེད།
         དུས་ཡུན་ཉིན་3ཡིན་པའི་ད་རེས་ཀྱི་འཕྲུལ་གློག་ཐོན་རྫས་འགྲེམས་སྟོན་ནི་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཀྱི་དྲུང་ཡིག་ཁྲུའུ་དང་ཝེ་ཐེ་ནམ་བཟོ་ཚོང་པུའི་ཚོང་དོན་ཡར་སྐུལ་ཅུས་ཀྱིས་ཝེ་ཐེ་ནམ་དུ་མཉམ་འབྲེལ་ཐོག་འཚོགས་པའི་ཆེད་ལས་འགྲེམས་སྟོན་བྱེད་ཐེངས་དང་པོ་དེ་རེད། དེའི་རིང་ཀུན་སྤྱོད་འཕྲུལ་ཆས་དང་། སྐྱེལ་འདྲེན་འཁོར་རིགས། ཞིང་སྤྱོད་འཕྲུལ་ཆས། ལས་གྲྭའི་འཕྲུལ་ཆས། གློག་རྡུལ་ཆ་འཕྲིན། རིག་ནུས་འཛད་སྤྱོད་གློག་རྡུལ་སོགས་ཁྱབ་ཁོངས་ཀྱི་སྤུས་ལེགས་ཐོན་རྫས་དང་སྔོན་ཐོན་ལག་རྩལ་གཙོ་གནད་ཐོག་འགྲེམས་སྟོན་བྱ་རྒྱུ་རེད།
         ཝེ་ཐེ་ནམ་གྱི་བཟོ་ཚོང་པུའི་པུའུ་ཀྲང་གཞོན་པ་ཁྲེན་གོ་ཆིང་གིས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོའི་ཐོག་ཝེ་ཐེ་ནམ་འགྲེམས་སྟོན་གཉེར་བ་དེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། དེ་ལས་ཝེ་ཀྲུང་ཕྱོགས་གཉིས་པོའི་དབར་ལེགས་ཆ་གསབ་རེས་བྱུང་ནས་ཝེ་ཀྲུང་གི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།