འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་ལ་བཅངས་པའི་བརྩེ་དུང་རྒྱུན་མཐུད་ངང་ཟབ་ཏུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་12ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    བོད་ལྗོངས་སློབ་ཆེན་དུ་ལྟ་སྐོར་འཚམས་འདྲི་བྱེད་པ།
    བོད་ལྗོངས་སློབ་ཆེན་དུ་ལྟ་སྐོར་འཚམས་འདྲི་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་8ཉིན། ཞང་ཀང་གཞོན་ནུ་ལོ་ཆུང་འཐུས་མི་ཚོགས་པའི་མི་33བོད་ལྗོངས་སློབ་ཆེན་དུ་ལྟ་སྐོར་འཚམས་འདྲི་བྱེད་པར་ཡོང་ཞིང་། བོད་ལྗོངས་སློབ་ཆེན་གྱི་སློབ་མ་དང་ངོ་ཐུག་གདོང་ཕྲད་ཀྱིས་སྤེལ་རེས་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་འཚམས་འདྲི་བྱེད་པར་ཡོང་བའི་གཞོན་ནུ་ལོ་ཆུང་འཐུས་མི་ཚོགས་པ་ནི་ཞང་ཀང་སློབ་ཆེན་དང་། ཞང་ཀང་གྲོང་ཁྱེར་སློབ་ཆེན། ཞང་ཀང་ཆིང་ཧུའེ་སློབ་ཆེན་སོགས་མཐོ་སློབ་མང་པོའི་ཕུལ་བྱུང་སློབ་མའི་འཐུས་ཚབ་ལས་གྲུབ་ཅིང་། ཉིན་དེར་འཐུས་མི་ཚོགས་པའི་ཚོགས་མི་ཚོས་བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་གནའ་གཞུང་མྱུར་སྐྱོབ་ལེགས་སྒྲིག་ཁང་དང་། བོད་ལྗོངས་སློབ་ཆེན་ཐང་ག་འགྲེམས་སྟོན་ཁང་བཅས་ལ་ལྟ་སྐོར་བྱས་པ་མ་ཟད། བོད་ལྗོངས་སློབ་ཆེན་གྱི་སློབ་མ་ཚོ་དང་ཕན་ཚུན་ལེགས་སྐྱེལ་འབུལ་རེས་ཀྱང་བྱས་པ་རེད།
         བོད་ལྗོངས་དང་ཞང་ཀང་ས་ཁུལ་གཉིས་ཀྱི་གཞོན་ནུ་ལོ་ཆུང་བར་གྱི་ཕན་ཚུན་འཚམས་འདྲི་སྤེལ་རེས་ཀྱི་ལུགས་སྲོལ་ནི་བོད་རང་སྐྱོང་ལྗོངས་གུང་གཞོན་ཚོགས་པའི་ཨུ་ལྷན་དང་། སློབ་གྲྭ་བའི་མཉམ་འབྲེལ་ལྷན་ཚོགས། ཞང་ཀང་རོལ་རྩེད་དོ་ར་མཐུན་ཚོགས་བཅས་ཀྱིས་2003ལོར་ཐུན་མོང་དུ་སྒྲིག་འཛུགས་བྱས་ནས་བཙུགས་པ་ཡིན་ཞིང་། ད་བར་དུ་ལེགས་འགྲུབ་ངང་ཕན་ཚུན་འཚམས་འདྲི་ཐེངས་15བྱས་པ་དང་། ས་ཁུལ་གཉིས་ཀྱི་གཞོན་ནུ་ལོ་ཆུང་དེར་ཞུགས་མཁན་མི་གྲངས་700ལྷག་ཟིན་པ་རེད། 
         ཞང་ཀང་རོལ་རྩེད་དོ་ར་མཐུན་ཚོགས་ཀྱི་མཐོ་རིམ་འཕེལ་རྒྱས་ཀྲུའུ་རེན་ཀུའོ་ཡའོ་རྨིན་གྱིས་གསར་འགོད་པར་བོད་ལྗོངས་དང་ཞང་ཀང་ས་ཁུལ་གཉིས་ཀྱི་གཞོན་ནུ་ལོ་ཆུང་བར་གྱི་ཕན་ཚུན་འཚམས་འདྲི་སྤེལ་རེས་ལུགས་སྲོལ་གྱིས་ས་ཁུལ་གཉིས་ཀྱི་གཞོན་ནུ་ལོ་ཆུང་དག་འཚར་ལོངས་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་ཆེན་པོ་ཐོན་དང་འཐོན་བཞིན་ཡོད་པ་དང་། "ཞང་ཀང་གི་གཞོན་ནུ་ལོ་ཆུང་མང་ཆེ་བས་ནང་སའི་གྲངས་ཉུང་མི་རིགས་ཀྱི་འཚོ་བར་རྒྱུས་ལོན་ཉུང་བས"ཁོང་ཚོར་རང་ཉིད་དངོས་སུ་བོད་ལྗོངས་ཉམས་ལེན་དང་བོད་ལྗོངས་རྒྱུས་ལོན་བྱེད་དུ་འཇུག་དགོས། ལོ་བཅུ་ལྷག་གི་རིང་ལ། ས་ཁུལ་གཉིས་ཀྱི་གཞོན་ནུ་ལོ་ཆུང་མང་པོ་ཕན་ཚུན་གྲོགས་པོ་བཟང་པོ་གྱུར་པ་དང་། གྲོགས་པོའི་བརྩེ་དུང་ཟབ་པོ་ཆགས་པ་དེ་ནི་ཧ་ཅང་རིན་ཐང་བྲལ་བ་ཞིག་རེད་ཅེས་བཤད་པ་རེད།
    ཕན་ཚུན་ལེགས་སྐྱེལ་འབུལ་རེས་བྱེད་པ།
    ཕན་ཚུན་ལེགས་སྐྱེལ་འབུལ་རེས་བྱེད་པ།
    བོད་ཡིག་གནའ་གཞུང་མྱུར་སྐྱོབ་ལེགས་སྒྲིག་ཁང་དུ་ལྟ་སྐོར་བྱེད་པ།
    བོད་ཡིག་གནའ་གཞུང་མྱུར་སྐྱོབ་ལེགས་སྒྲིག་ཁང་དུ་ལྟ་སྐོར་བྱེད་པ།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།