འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅༎ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས"ཨ་རིར་འཚོ་བ་སྐྱེལ་བའི་ཞབས་ཞུའི་ལས་
    སྟེགས"ཀྱི་ཁེ་སྐྱོང་སྲུང་སྐྱོབ་ཞབས་ཞུའི་ཐོན་རྫས་རབ་དང་རིམ་པ་ཁྱབ་གདལ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་《ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཁེ་སྐྱོང་ཁུལ་གྱི་ལག་དེབ་》དང་《ཨ་རིར་འཚོ་བ་སྐྱེལ་བའི་ཞབས་ཞུའི་ལས་སྟེགས་》ཀྱི་སྐད་འཕྲིན་གྱི་སྤྱི་རྟགས་དང་《ཁེ་སྐྱོང་བརྙན་ལམ་ཐུང་ངུ་》ཞེས་པའི་བརྙན་ལམ་ཐུང་གྲས་རབ་དང་རིམ་པ་སོགས་སྔོན་འགོག་རང་བཞིན་གྱི་ཁེ་སྐྱོང་སྲུང་སྐྱོབ་ཀྱི་སྤྱི་པའི་ཞབས་ཞུའི་ཐོན་རྫས་ཁག་གསུམ་བཏོན་པ་རེད།
         ཁྱེར་བདེའི་དེབ་ཀྱི་ཆེ་ཆུང་གི་《ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཁེ་སྐྱོང་ཁུལ་གྱི་ལག་དེབ་》དེ་འཁྱེར་བདེ་བ་མ་ཟད་ཨ་རིའི་གནས་ཚུལ་མདོར་བསྡུས་དང་བདེ་འཇགས་དོགས་ཟོན་དང་དེ་བཞིན་ཁེ་སྐྱོང་གཞོགས་འདེགས་ཀྱི་རྒྱུན་ཤེས་སོགས་ཚུད་ཡོད་པ་རེད། 《ཨ་རིར་འཚོ་བ་སྐྱེལ་བའི་ཞབས་ཞུའི་ལས་སྟེགས་》ཀྱི་སྐད་འཕྲིན་སྤྱི་རྟགས་ནང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་སྐོར་དང་ཁེ་སྐྱོང་སྲུང་སྐྱོབ་སྐོར་སོགས་མི་སེར་དཀྱུས་མའི་འཚོ་བ་དང་འབྲེལ་བ་ཆེ་བའི་ནང་དོན་བཏོན་ནས་ཨ་རིར་ཡོང་ཐེངས་དང་པོ་ཡིན་པའི་མགྲོན་པོར་དངོས་སྤྱོད་ཀྱི་ཆ་འཕྲིན་མཁོ་འདོན་བྱས་ཡོད། 《ཁེ་སྐྱོང་བརྙན་ལམ་ཐུང་ངུ་》ཞེས་པའི་བརྙན་ལམ་ཐུང་གྲས་དེ་གཞུང་ཚབ་ཁང་གི་ན་གཞོན་ཕྱི་འབྲེལ་དཔོན་གྱིས་ཨ་རིའི་སྤྱི་ཚོགས་ཐོག་བསྐྱོད་དེ་རླངས་འཁོར་ནང་སྡོད་པ་དང་ནད་ལྟ་བ་སོགས་རྣམ་པ་དཔེ་གསར་དང་ནང་དོན་གསོན་ཉམས་དོད་པའི་སྒོ་ནས་ཕྱོགས་ཁག་གི་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།