འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅༎མཚོ་སྔོན་གྱིས་ཉིན་བདུན་ལ་བསྟུད་མར་ནུས་རྒྱུ་གཙང་མའི་གློག་མཁོ་འདོན་བྱས་པས་གློག་སྤྱོད་
    པར་བཙོག་ཆུ་ཕྱིར་འབུད་བྱེད་མི་དགོས་པ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
          མི་དམངས་དྲ་བའི་འཕྲིན། ནུས་རྒྱུ་གཙང་མས་འཛད་སྤྱོད་ཁྲོམ་ར་བཟུང་ཚད་མཐོ་རུ་བཏང་ནས་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་ཆེད། རྒྱལ་ཁབ་གློག་དྲ་ཀུང་སིས་ཟླ་6ཚེས་17ཉིན་གྱི་ཆུ་ཚོད་0:00ནས་ཚེས་23ཉིན་གྱི་ཆུ་ཚོད་24:00བར་ཉིན་7བསྟུད་མར་ཆུ་ཚོད་168ནང་ཉི་ནུས་དང་། རླུང་ནུས། ཆུ་ཤུགས་བཅས་ཀྱི་གློག་མཚོ་སྔོན་ཞིང་ཆེན་ཡོངས་སུ་བཏང་བ་རེད། མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཆོན་ཧྲེང་མིང་གིས"བྱ་ཐབས་དེ་རྒྱལ་ཡོངས་སུ་སྤྱོད་ཐེངས་དང་པོ་ཡིན་པ་དང་རང་རྒྱལ་གྱི་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་མ་གཏོང་བ་དང་ནུས་རྒྱུ་གཙང་མ་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་སྤེལ་དང་ཕན་ཆེའི་ངང་སྤྱོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད"ཅེས་བཤད།
         རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་སྙོམས་སྒྲིག་ལྟེ་གནས་ཀྱི་ཐེག་ཚད་སྔོན་དཔག་གྲངས་གཞི་ལས་མངོན་གསལ། ཟླ་6ཚེས་17ནས་23ཉིན་བར། མཚོ་སྔོན་ཞིང་ཆེན་དུ་ཉིན་རེར་ཆ་སྙོམས་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.75ཟིན་པ་དང་། ཉིན་རེར་ཆ་སྙོམས་གློག་སྤྱོད་ཐེག་ཚད་ཆན་ཝ་ཁྲི་720ཟིན་པ། གློག་སྤྱོད་ཐེག་ཚད་མཐོ་ཤོས་ཆན་ཝ་ཁྲི་750ཟིན་པ་བཅས་རེད། དེའི་རིང་རྒྱལ་ཁབ་གློག་དྲ་ཀུང་སིས་ཉི་ནུས་དང་། རླུང་ནུས། ཆུ་ཤུགས་བཅས་ཀྱི་གློག་ཞིང་ཆེན་ཡོངས་སུ་གཏོང་རྒྱུ་ཡིན་པའི་ཁྲོད་གློག་ཤུགས་78.3%རང་འབབ་ཆུ་ཀ་ལ་ལས་གཏོང་རྒྱུ་དང་གློག་ཤུགས་23.7%ནུས་རྒྱུ་གསར་པ་ལས་གཏོང་རྒྱུ་རེད།
         མཚོ་སྔོན་དུ་ཆུ་གློག་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཉི་ནུས་ཐོན་ཁུངས་ཐུན་མོང་མ་ཡིན་པ་ཞིག་ཡོད་པས་ཆུ་གློག་ཐོན་ཁུངས་ཆན་ཝ་ཁྲི་2314དང་། ཉི་ནུས་ཐོན་ཁུངས་ཆན་ཝ་དུང་ཕྱུར་10 རླུང་ནུས་ཐོན་ཁུངས་ཆན་ཝ་ཁྲི་7500བཅས་གསར་སྤེལ་བེད་སྤྱོད་བྱེད་པ་ནི་རྒྱལ་ཁབ་ཀྱི་ཆེས་གལ་ཆེའི་ས་ཁོངས་ཀྱི་ནུས་རྒྱུ་རྒྱུན་མཐུད་རྟེན་གཞི་ཞིག་རེད། "ལོ་ལྔ་ཚན་བཅུ་གཉིས་པའི"ཚུན་དུ་མཚོ་སྔོན་གྱི་འོད་ཤུགས་ཆ་སྙོམས་ལོ་རེར་ཆན་ཝ་ཁྲི་100ཡི་མྱུར་ཚད་ཐོག་ནས་གོ་རིམ་ལྡན་པའི་ངང་འཕར་བཞིན་པ་དང་ལོར་ཆ་སྙོམས་འཕར་ཚད་58%ཟིན་ཡོད།
         2017ལོའི་ཟླ་5པའི་ཟླ་མཇུག་བར་མཚོ་སྔོན་གློག་དྲའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་བསྡོམས་འབོར་ཆན་ཝ་ཁྲི་2345ཟིན་པ་དང་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧན་ཐི་ཡིས"ཆུ་གློག་དང་འོད་ཤུགས་མཚོ་སྔོན་གློག་དྲའི་གློག་ཁུངས་ཆེ་གྲས་ཨང་དང་པོ་དང་གཉིས་པར་གྱུར་ནས་གློག་ཁུངས་གྲུབ་ཆ་དེ་རིགས་ཀྱིས་རྒྱལ་ཁབ་གློག་དྲ་ཀུང་སིར་ཞིང་ཆེན་ཞིག་གིས་ནུས་རྒྱུ་གཙང་མ་ཁོ་ནའི་གློག་གཏོང་རྒྱུའི་ཚོད་ལྟ་བྱས་པ་ཞིག་རེད། ཚང་མ་ནུས་རྒྱུ་གཙང་མའི་གློག་མཁོ་འདོན་དང་གློག་སྤྱོད་པར་བཙོག་ཆུ་ཕྱིར་འབུད་བྱེད་མི་དགོས་པ་མངོན་འགྱུར་བྱུང་བ་དེས་མཚོ་སྔོན་གྱི་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་མ་གཏོང་རྒྱུར་ཕན་པ་ཡོད་ལ་མཚོ་སྔོན་ཞིང་ཆེན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྐབས་བཅོ་བརྒྱད་པའི'སྒོ་དབྱེའི་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས'ཀྱི་བརྗོད་དོན་གཙོ་བོ་དང་ཧ་ཅང་འཚམ་པོ་ཡོད"ཅེས་ངོ་སྤྲོད་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། བྱ་ཐབས་དེ་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོར་སྤྱོད་ཐེངས་དང་པོ་ཡིན་པ་རེད། རྒྱལ་སྤྱིའི་ཐོག་ཕོར་ཐིའུ་ཀལ་གློག་དྲས་2016ལོའི་ཟླ་5ཚེས་7ནས་11ཉིན་བར་ཁྱོན་བསྡོམས་ཆུ་ཚོད་107ནུས་རྒྱུ་གཙང་མ་ཁོ་ནའི་གློག་བཏང་ཡོད་པ་རེད། དེ་དང་བསྡུར་ན་ད་རེས་མཚོ་སྔོན་གློག་དྲས་ནུས་རྒྱུ་གཙང་མ་ཁོ་ནའི་གློག་གཏོང་ཚད་དུས་ཚོད་དེ་བས་རིང་བ་དང་། འོད་ཤུགས་གློག་གཏོང་གི་བསྡུར་ཚད་མཐོ་བ། གློག་གཏོང་གི་དཀའ་གནད་དེ་བས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།