འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་འབར་ཁམས་རྫོང་གི་ཤང་དང་གྲོང་རྡལ་14རུ་དྲག་ཆར་བབས་ནས་ཆུ་ལོག་དང་
    ཞོད་སྐྱོན་གྱི་གནོད་འཚེ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སི་ཁྲོན་འབར་ཁམས་རྫོང་གི་ཤང་དང་གྲོང་རྡལ་14རུ་དྲག་ཆར་བབས་ནས་ཆུ་ལོག་དང་
ཞོད་སྐྱོན་གྱི་གནོད་འཚེ་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དུ་དྲག་ཆར་བསྟུད་མར་བབས་ནས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་བྱུང་བ་རེད། འབར་ཁམས་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་14ལ་གནོད་འཚེ་ཚད་མི་འདྲ་བ་ཕོག་ཡོད་པ་དང་། ཤང་དང་གྲོང་རྡལ་ཁ་ཤས་ཀྱི་ཁང་པར་གནོད་འཚེ་ཚབས་ཆེན་ཕོག་ཡོད་ཅིང་། ཆུ་ལོག་བཤལ་བ་ལས་རི་ཉིལ་བའི་གནོད་འཚེ་བྱུང་ནས་གཞུང་ལམ་རིམ་པ་ཁག་ལ་གས་རྡིབ་མང་པོ་བྱུང་ཡོད་པ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཡིས་འབར་ཁམས་ཀྱི་ཤང་དང་གྲོང་རྡལ་6གི་འགྲིམ་འགྲུལ་བགྲོད་ལམ་གནས་སྐབས་ཆད་པ། ཤང་དང་གྲོང་རྡལ་4ལ་གློག་མཁོ་འདོན་ཆད་ཡོད་པ་རེད། གནོད་འཚེ་བྱུང་ཚུལ་ཞིབ་ཕྲ་མིག་སྔར་བསྡོམས་རྩིས་བྱེད་བཞིན་ཡོད་པ་དང་། གནས་སྐབས་སུ་མི་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་པ་རེད།
         མིག་སྔར། གེགས་སེལ་གྱི་ལས་དོན་ད་དུང་ཧུར་བརྩོན་ཆེ་ཞིང་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ་རེད།
    【1】  【2】  【3】  【4】
    ༄༅།།སི་ཁྲོན་འབར་ཁམས་རྫོང་གི་ཤང་དང་གྲོང་རྡལ་14རུ་དྲག་ཆར་བབས་ནས་ཆུ་ལོག་དང་
ཞོད་སྐྱོན་གྱི་གནོད་འཚེ་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།