འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོའི་སྤྱི་དམངས་གཅིག་ལོ་སི་རུ་མེ་མདས་གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ལོ་སི་རྒྱལ་ཁབ་(Laos)དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ཆེན་མོས་ཟླ་6ཚེས་18ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན། ཀྲུང་གོའི་སྤྱི་དམངས་གཅིག་ཟླ་6ཚེས་16ཉིན་ལོ་སི་རྒྱལ་ཁབ་ཀྱི་དབུས་ཁུལ་གྱི་སེའེ་སུམ་བྷོན་ཞིང་ཆེན་(Xaysomboun province)དུ་ཐོབ་ཐང་མི་གསལ་བའི་མི་སྣས་མེ་མདས་བརྒྱབ་སྟེ་གྲོངས་པ་རེད།
         ལོ་སི་རྒྱལ་ཁབ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ཆེན་མོས་ཉིན་དེར་བསྒྲགས་པའི་བདེ་འཇགས་གསལ་འདེབས་ནང་། ལོ་སི་རྒྱལ་ཁབ་ཀྱི་སེའེ་སུམ་བྷོན་ཞིང་ཆེན་(Xaysomboun province)དུ་ཟླ་6ཚེས་16ཉིན་ཐོབ་ཐང་མི་གསལ་བའི་མི་སྣས་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་བ་དང་ཀྲུང་གོའི་སྤྱི་དམངས་གཅིག་གྲོངས་ཚུལ་བཤད་ཅིང་། མིག་སྔར་ལོ་སི་རྒྱལ་ཁབ་ཕྱོགས་ཀྱིས་དོན་རྐྱེན་ལ་བརྟག་དཔྱད་བྱེད་སྒང་ཡིན་ཟེར།
         བདེ་འཇགས་གསལ་འདེབས་ལས། ཀྲུང་གོའི་གཞུང་ཚབ་ཁང་ཆེན་མོས་ལོ་སི་རྒྱལ་ཁབ་ཕྱོགས་ལ་གྱོད་དོན་གང་མྱུར་སྒོས་ཐག་གཅོད་དང་། ལག་དམར་ལ་ཉེས་ཆད་ནན་མོ་གཅོད་པའི་རེ་བ་བཏོན་པ་དང་། དུས་མཚུངས་སུ་བྱེད་ཐབས་སྣ་ཚོགས་སྤྱད་དེ་ལོ་སི་རྒྱལ་ཁབ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ལུགས་གླེང་བ་རེད། ལོ་སི་རྒྱལ་ཁབ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ཆེན་མོས་ལོ་སི་རྒྱལ་ཁབ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་དྲན་སྐུལ་གསལ་འདེབས་བྱས་པ་ལས། ཚང་མས་བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་བཏང་ནས། གནས་ཚུལ་ཛ་དྲག་ལ་འཕྲད་ཚེ་དེ་མ་ཐག་དུ་ལོ་སི་རྒྱལ་ཁབ་ཀྱི་ཉེན་རྟོག་ཕྱོགས་ལ་གྱོད་དོན་སྙན་སེང་ཞུ་བ་དང་དེར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ཆེན་མོར་འབྲེལ་གཏུག་བྱེད་དགོས་པར་མངག་བཅོལ་བྱས་པ་རེད།
         ལོ་སྔོན་མ་ནས་བཟུང་སྟེ་ལོ་སི་རྒྱལ་ཁབ་ཀྱི་དབུས་ཁུལ་དང་བྱང་ཕྱོགས་སུ་ཀྲུང་གོའི་སྤྱི་དམངས་བསད་པའི་དོན་རྐྱེན་བསྟུད་མར་བྱུང་བ་དང་། 2016ལོའི་ཟླ་1ཚེས་24ཉིན་ཐོབ་ཐང་མི་གསལ་བའི་དྲག་སྤྱོད་པས་སེའེ་སུམ་བྷོན་ཞིང་ཆེན་(Xaysomboun province)དུ་འཇབ་རྒོལ་གྱི་དོན་རྐྱེན་བཟོས་དེ། ཀྲུང་གོའི་སྤྱི་དམངས་2བསད་པ་དང་1ལ་རྨས་སྐྱོན་བཟོས་པ་རེད། ཡང་2016ལོའི་ཟླ་3ཚེས་1ཉིན་ལཱང་ཕུ་རཱ་པཱང་ཞིང་ཆེན་གྱི་ཕུའུ་ཁོན་རྫོང་(Luang prabang province PuKun county)གི་ཤིང་གཅོད་སྒར་ས་ཞིག་ལ་ཐོབ་ཐང་མི་གསལ་བའི་མི་སྣས་འཇབ་རྒོལ་བྱས་པ་དང་། སྒར་སའི་ཀྲུང་གོའི་ལས་བཟོ་པ་1གྲོངས་པ་དང་3རྨས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།