འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིའི་མན་ཐེ་སི་ཐེར་ལུས་རྩལ་ཁང་དུ་འབར་གས་བྱུང་ནས་མི་19གྲོངས་པ་དང་མི་
    50ལ་རྨས་སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 15:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབྱིན་ཇིའི་མན་ཐེ་སི་ཐེར་ལུས་རྩལ་ཁང་དུ་འབར་གས་བྱུང་ནས་མི་19གྲོངས་པ་དང་མི་
50ལ་རྨས་སྐྱོན་ཕོག་པ།
          མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་སྨྱན་སྦྱོར་དུ་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། དབྱིན་ཇི་རྒྱལ་ཁབ་མན་ཐེ་སི་ཐེར་(Manchester)གྲོང་ཁྱེར་གྱི་ལུས་རྩལ་ཁང་ཞིག་ཏུ་འབར་གས་བྱུང་ཞིང་། དོན་རྐྱེན་བྱུང་དུས་ལུས་རྩལ་ཁང་དུ་འཁྲབ་སྟོན་གྱི་དགོང་ཚོགས་སྤེལ་བཞིན་ཡོད་པ་རེད། ད་ལྟ། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་ལས་མི་19གྲོངས་པ་དང་། མི་50ལྷག་ཙམ་ལ་རྨས་སྐྱོན་ཕོག་པ་ངེས་གཏན་ཁེལ་ཡོད་པ་རེད། གཞན་དེ་གར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་བདེན་དཔང་བྱས་པ་ལྟར་ན། འབས་གས་དོན་རྐྱེན་ཁྲོད་དུ་ཀྲུང་གོའི་སྤྱི་དམངས་ལ་རྨས་སྐྱོན་ཕོག་པའི་སྙན་ཞུ་འབྱོར་མེད་པ་རེད།
          འབར་གས་བྱུང་དུས་ནི་ས་གནས་དེ་གའི་དུས་ཚོད་22:30ཡས་མས་ཙམ་ཡིན་ཞིང་། ཡུལ་དངོས་ཀྱི་མི་ཞིག་གིས་འཁྲབ་སྟོན་གྱི་དགོང་ཚོགས་མཇུག་སྒྲིལ་དུས་སྒྲ་ཆེན་པོ་ཞིག་གྲགས་པ་ཐོས་བྱུང་ཞེས་བརྗོད། མི་ཞིག་གིས་ས་གནས་དེ་གའི་སྨྱན་སྦྱོར་ལ། འབར་གས་ལས་བྱུང་བའི་མཁའ་རླུང་གིས་ཁོ་རང་སྨི་10ཙམ་དེད་བྱུང་ཞེས་བརྗོད། སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་གི་བརྙན་རིས་ཤིག་ཏུ་གསལ་བ་ལྟར་ན། འབར་གས་བྱུང་རྗེས། ལྟད་མོ་བ་ཚང་མ་ཟང་ཟིང་དུ་གྱུར་ནས་ཕྱིར་ཐོན་པ་རེད།
          མན་ཐེ་སི་ཐེར་ཉེན་རྟོག་ཕྱོགས་ཀྱིས"འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཡིན་སྲིད་ངེས"ཀྱི་རྟོག་ཞིབ་བྱེད་བཞིན་ཡོད་པ་མ་ཟད། འབར་གས་བྱུང་རྗེས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་དུ་གནས་ཚུལ་གསར་པ་རྒྱུན་མ་ཆད་པར་སྤེལ་ནས་མང་ཚོགས་ལ་དོན་རྐྱེན་བྱུང་ཡུལ་གྱི་ཉེ་འཁོར་དུ་མི་འགྲོ་བའི་གསལ་བརྡ་བཏང་བ་རེད།
          དབྱིན་ཇིའི་རིམ་མཐོའི་འཇིགས་སྐུལ་འགོག་རྒོལ་དཔོན་པོ་ཞིག་གིས་ལོན་ཏོན་དུ་འཕྲལ་སྡོམ་ཚོགས་འདུ་འཚོགས་པ་དང་། དབུ་བཞུགས་བློན་ཆེན་ཐི་ལའེ་ཧྲ་•མའེ་ཡིས་ཀྱང་ཚེས་23ཉིན་གྱི་སྐྱ་རེངས་སྐབས་འཇབ་རྒོལ་དོན་རྐྱེན་འདི་ཉིད་སྤེལ་བར་རྒོལ་གཏམ་བཏང་གནང་བ་རེད།
    ༄༅།།དབྱིན་ཇིའི་མན་ཐེ་སི་ཐེར་ལུས་རྩལ་ཁང་དུ་འབར་གས་བྱུང་ནས་མི་19གྲོངས་པ་དང་མི་
50ལ་རྨས་སྐྱོན་ཕོག་པ།
      

    ཕྱོགས་བསྡུས་གསར་འགྱུར།