འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་ཁྲེན་པར་ཧུའུ་ཆི་ན་ཅི་ནགས་རའི་མེ་སྐྱོན་བསད་ཚར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ནང་སོག་ཁྲེན་པར་ཧུའུ་ཆི་ན་ཅི་ནགས་རའི་མེ་སྐྱོན་བསད་ཚར་བ།
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན་གྱི་ཆུ་ཚོད་11:00སྐབས། ནང་སོག་རང་སྐྱོང་ལྗོངས་ཁྲེན་པར་ཧུའུ་ཆི་ན་ཅི་ནགས་རའི་མེ་སྐྱོན་གྱི་མེ་རོ་ཚང་མ་བསད་ཚར་ཤིང་། ནགས་ར་ཁུལ་དུ་མེ་རོ་དང་དུ་བ་ཚང་མ་མེད་པར་བཟོས་ཡོད་པ་རེད། ད་ལྟ། དྲག་ཆས་ཉེན་རྟོག་ནགས་ཚལ་དཔུང་ཁག་ཁ་ཤས་གོ་རིམ་ཡོད་པའི་ངང་ཕྱིར་འཐེན་བྱེད་པ་དང་། ཤུལ་སྡོད་དམག་དཔུང་གིས་མེ་སྐྱོན་བྱུང་ཡུལ་དུ་ལྟ་སྲུང་དང་གཙང་སེལ་གྱི་ལས་ཀ་བྱེད་བཞིན་ཡོད་པ་རེད།
           ཟླ་5ཚེས་17ཉིན་གྱི་ཆུ་ཚོད་12:00ཙམ་ལ། ནང་སོག་རང་སྐྱོང་ལྗོངས་ཧོ་ལུན་པེར་གྲོང་ཁྱེར་གྱི་ཁྲང་པར་ཧུའུ་ཆི་ན་ཅི་ནགས་རར་མེ་སྐྱོན་བྱུང་ཞིང་། མེ་སྐྱོན་བྱུང་བའི་ཁེབས་ཚད་ནི་སྤྱི་ཆིང་8400ལས་བརྒལ་ཡོད་པས། རྒྱལ་ཁབ་ནགས་ཚལ་མེ་གསོད་མེ་འགོག་བཀོད་འདོམས་པུའུ་ཡིས་ཁྱོན་བསྡོམས་དམག་མི་9000ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་མེ་སྐྱོན་གཙང་སེལ་བྱས་པ་རེད།
    【1】  【2】  【3】
    ༄༅།།ནང་སོག་ཁྲེན་པར་ཧུའུ་ཆི་ན་ཅི་ནགས་རའི་མེ་སྐྱོན་བསད་ཚར་བ།
      

    ཕྱོགས་བསྡུས་གསར་འགྱུར།