འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་གྲོས་ཁང་གོང་མས་པུ་ལན་སི་ཐ་ཏེ་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོར་བསྐོ་བཞག་
    གི་ཆོག་མཆན་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨ་རིའི་གྲོས་ཁང་གོང་མས་པུ་ལན་སི་ཐ་ཏེ་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོར་བསྐོ་བཞག་
གི་ཆོག་མཆན་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མས་མོས་མཐུན་འདེམས་ཤོག་82དང་ངོ་རྒོལ་འདེམས་ཤོག་13གྱི་ཐོག་ནས་བརྡས་ཐག་བཅད་འབྲས་ལས་མངའ་སྡེ་ལོ་ཝ་(Iowa)ཡི་འགན་འཛིན་ཐེ་ལི་•པུ་ལན་སི་ཐ་ཏེ་ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་གསར་པར་བདམས་ཐོན་བྱུང་བ་རེད།
           པུ་ལན་སི་ཐ་ཏེས་ཉིན་དེའི་གསལ་བསྒྲགས་ཤིག་ཏུ། ཀྲུང་གོ་ནི་འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་རྒྱལ་ཁབ་ཀྱི་གྲས་ཤིག་རེད་ལ། ཨ་རིའི་ཉོ་འཚོང་རོགས་ཟླ་ཆེ་ཤོས་གྲས་ཤིག་ཀྱང་རེད། རྒྱལ་ཁབ་གཉིས་ཀྱི་གཉིས་ཁེ་གཉིས་ཕན་གྱི་དོན་དུ་འབད་པ་མངོན་འགྱུར་ཡོང་བའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།
          ད་ལྟ་རང་ལོ་70རུ་སོན་པའི་པུ་ལན་སི་ཐ་ཏེ་ནི་1983ལོ་ནས་1999ལོའི་བར་དང་2011ལོ་ནས་ད་ལྟའི་བར་དུ་ལོ་ཝ་མངའ་སྡེའི་འགན་འཛིན་གྱི་ལས་འགན་ཁུར་མྱོང་ཡོད། མི་ཚང་མས་ཁོང་ནི་ཨ་རིའི་སྲིད་ཕྱོགས་ཀྱི་ཀྲུང་གོར་དགའ་མཁན་གྲས་སུ་བཞག་ཡོད་ཅིང་། ན་ནིང་། སྲིད་འཛིན་ཐི་རོམ་ཕུ་ཡིས་ཁོང་ཉིད་ཀྲུང་གོར་བཅའ་སྡོད་ཀྱི་གཞུང་ཚབ་ཆེ་མོ་གསར་པར་མིང་འདོན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།