འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོར་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བར་དོགས་གནས་ཡོད་པའི་
    ལྗར་པན་གྱི་སྤྱི་དམངས་6ལ་ཁྲིམས་ལྟར་འདྲི་དཔྱོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 15:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོའི་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཀྲུང་གོར་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བར་དོགས་གནས་ཡོད་པའི་ལྗར་པན་གྱི་སྤྱི་དམངས་6ལ་ཁྲིམས་ལྟར་འདྲི་དཔྱོད་བྱས་ཡོད་ཅེས་བརྗོད་པ་རེད།
         ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུའི་ཐོག་དྲིས་ལན་འདེབས་སྐབས་སུ་གོང་སྨྲས་གནས་ཚུལ་བཤད་པ་རེད།
         གསར་འགོད་པ་ཞིག་གིས་འདྲི་དོན། གསར་འགྱུར་ལས་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇག་ལ་གནོད་པའི་དོགས་གནས་ཡོད་པའི་རྐྱེན་གྱིས་ལྗར་པན་མི་6བཀག་སྐྱིལ་བྱས་ཡོད་ཞེས་བཤད་པ་རེད། ཁྱེད་རང་གིས་དེ་འབྲེལ་གྱི་གནས་ཚུལ་ངོ་སྤྲོད་བྱས་ནའགྲིག་གམ། ཁོ་ཚོ་བཀག་སྐྱིལ་བྱས་པའི་རྒྱུ་མཚན་གང་ཡིན་ནམ།
         ཧྭ་ཁྲུན་ཡིང་གིས་བཤད་དོན། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཀྲུང་གོར་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་དོགས་གནས་ཡོད་པའི་ལྗར་པན་གྱི་མི་6ལ་ཁྲིམས་ལྟར་འདྲི་དཔྱོད་བྱས་པ་མ་ཟད། 《ཀྲུང་ལྗར་བར་གྱི་གཞུང་ཚབ་དོན་གཅོད་སྐོར་གྱི་གྲོས་ཆོད་》ལ་གཞིགས་ནས་ཀྲུང་གོར་བཅའ་སྡོད་ལྗར་པན་གྱི་འབྲེལ་ཡོད་གཞུང་ཚབ་དོན་གཅོད་ལས་ཁུངས་ལ་བརྡ་ཁྱབ་བཏང་བ་རེད། 
         དེ་མིན། གསར་འགོད་པས་《ཉིའུ་གཡོད་སྐབས་དོན་ཚགས་པར་》གྱིས་གནས་འཕྲིན་སྤེལ་བར་ཉེ་བའི་ལོ་ཤས་རིང་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་ཁུངས་སྣེ་འདོན་མི་ཁ་ཤས་ཀྲུང་གོས་འཛིན་བཟུང་བྱས་པ་རེད་ཅེས་བཤད་པར། ཧྭ་ཁྲུང་ཡིང་གིས་འབྲེལ་ཡོད་གནས་འཕྲིན་གྱི་གནས་ཚུལ་ཞིབ་ཕྲ་ངས་གསལ་པོར་ཤེས་ཀྱི་མེད་ཅེས་བསྟན་པ་རེད།
         ཧྭ་ཁྲུང་ཡིང་གིས"ངས་ཁྱེད་ལ་བཤད་ཆོག་པ་ནི། ཀྲུང་གོའི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཀྲུང་གོའི་འབྲེལ་ཡོད་བཅའ་ཁྲིམས་ཀྱིས་དབང་བསྐུར་བ་ལྟར་ཀྲུང་གོའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་གནོད་པའི་རྩ་འཛུགས་དང་། མི་སྣ། བྱ་སྤྱོད་བཅས་ལ་ཁྲིམས་ལྟར་བརྟག་དཔྱད་དང་ཆད་གཅོད་བྱས་ནས་འགན་འཁྲི་གཙང་སྒྲུབ་ནུས་ལྡན་བྱེད་ངེས་རེད"ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།