འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཐུགས་གྲ་ལེགས་
    འགྲིག་བྱུང་བར་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་21ཉིནཀེ་རི་སེའི་ཙུང་ཐུང་ཕཱ་ཧྥུའུ་ལུའོ་ཕུའུ་ལུའོ་སིས་ཙུང་ཐུང་གཞུང་ལས་ཁང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཟླ་5ཚེས་14དང་15ཉིན་པེ་ཅིང་དུ་གཉེར་བའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཐུགས་གྲ་ལེགས་འགྲིག་བྱུང་བས། “རྒྱུད་གཅིག་ལམ་གཅིག”འཛུགས་རྒྱུར་སླད་ཕྱིན་གྲུབ་འབྲས་སྔར་ལས་མང་བ་ཐོབ་པའི་ཡིད་ཆེས་ཡོད་ཅེས་གསུངས།
         ཕཱ་ཧྥུའུ་ལུའོ་ཕུའུ་ལུའོ་སིས“ད་རེས་ཀྱི་མཐོ་རིམ་གླེང་སྟེགས་སྒྲིག་འཛུགས་ཧ་ཅང་ཡག་པོ་བྱུང་བ་དེ་ལས་ཀྲུང་གོས་བཏོན་པའི‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་དེ་ཉིད་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་མངོན་ཡོད”ཅེས་གསུངས་པ་དང་ཁོང་གིས་འཛམ་གླིང་རྒྱལ་ཁབ་ཁག་གིས་རིམ་པ་མཐོ་བའི་འཐུས་མི་ཚོགས་པ་ཚོགས་འདུར་བཏང་བ་དེ་ལས་གྲོས་འགོ་དེར་རྒྱལ་སྤྱིའི་ཐོག་ཁས་ལེན་རྒྱ་ཁྱབ་བྱུང་བ་མཚོན་ཡོད། གང་ལགས་ཤེ་ན། གྲོས་འགོ་དེས་དཔལ་འབྱོར་དང་། ཉོ་ཚོང་། མ་འཇོག་བཅས་ལ་བརྟེན་ནས་ཨེ་ཤེ་ཡ་དང་། ཡོ་རོབ། གླིང་ཆེན་ཨ་མེ་རི་ཁ། ཨ་ཧྥེ་རི་ཁ་བཅས་ཀྱི་བར་ཐག་ཉེ་རུ་བཏང་བས་ཡིན།
         ཕཱ་ཧྥུའུ་ལུའོ་ཕུའུ་ལུའོ་སིས་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཞི་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་ཐེབས་ནས་འཛམ་གླིང་གི་ཞི་བདེ་སྔར་བས་སྲ་བརྟན་དུ་འགྲོ་རྒྱུ་རེད། དེ་ནི་མིག་སྔར་ཟང་ཟིང་དང་བརྟན་པོ་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བའི་རྒྱལ་སྤྱིའི་དུས་བབ་འོག་ཧ་ཅང་དགོས་གལ་ཆེ་བ་ཞིག་ཡིན་ཞེས་གསུངས།
         ཕྱོགས་གཉིས་པོའི་མཉམ་ལས་སྐོར་གླེང་སྐབས་ཕཱ་ཧྥུའུ་ལུའོ་ཕུའུ་ལུའོ་སིས་2017ལོ་ནི་ཀེ་རི་སེ་དང་ཀྲུང་གོའི་རིག་གནས་སྤེལ་རེས་དང་རིག་གནས་ཐོན་ལས་མཉམ་ལས་ཀྱི་ལོ་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོས་སྒྲོམ་གཞི་དེའི་འོག་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞེས་གསུངས་པ་དང་། ཁོང་གིས“ཀེ་རི་སེ་དང་ཀྲུང་གོའི་མཉམ་ལས་ལ་འཐབ་ཇུས་ཐད་ཀྱི་གལ་ཆེའི་རང་བཞིན་ལྡན་ཡོད། ཀེ་རི་སེའི་ཙུང་ལི་པེ་ཅིང་དུ་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་དང་ཕྱོགས་གཉིས་པོས་མིང་རྟགས་བཀོད་པའི་མཉམ་ལས་ཡིག་ཆས་ཕྱོགས་གཉིས་པོའི་འབྲེལ་བ་སྔར་ལས་ལྷག་པའི་ངང་ཟབ་ཏུ་གཏོང་རྒྱུར་ཆ་རྐྱེན་བསྐྲུན་ཡོད”ཅེས་གསུངས།
         ཕཱ་ཧྥུའུ་ལུའོ་ཕུའུ་ལུའོ་སིས་ཡོ་རོབ་མནའ་འབྲེལ་དང་ཡོ་སྒོར་ཁུལ་གྱི་ཁོངས་མིའི་རྒྱལ་ཁབ་དང་དེ་བཞིན་ཡོ་རོབ་དང་ཨེ་ཤེ་ཡའི་དཀྱིལ་གྱི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་ཀེ་རི་སེ་སྲིད་གཞུང་གིས་ཀེ་ཀྲུང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ལྕག་སྐུལ་གཏོང་གི་ཡོད། “ཀྲུང་གོའི་རྒྱང་རིང་རྒྱ་མཚོའི་མཚོ་ཐོག་སྐྱེལ་འདྲེན་ཚོགས་པས་ཀེ་རི་སེའི་པི་ལི་ཨའེ་ཧྥུའུ་སི་གྲུ་ཁར་མ་འཇོག་བྱས་པ་དེས་ཀེ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་དཔེ་ལྟ་ས་ཞིག་མཁོ་འདོན་བྱས་ཡོད”ཅེས་གསུངས།
         མཇུག་ཏུ་ཕཱ་ཧྥུའུ་ལུའོ་ཕུའུ་ལུའོ་སིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་སྐད་གྲགས་བཞག་ཡོད། “རྒྱུད་གཅིག་ལམ་གཅིག”འཛུགས་རྒྱུར་གྲུབ་འབྲས་དེ་ལས་ལྷག་པ་ཐོབ་པའི་རེ་བ་ཡོད། “གོ་སྐབས་དེ་དང་བསྟུན་ནས་ངས་ཀེ་རི་སེ་མི་དམངས་ཀྱི་ཚབ་ཞུས་ཏེ་ཀྲུང་གོ་མི་དམངས་ལ་མཛའ་གྲོགས་ཡུན་གནས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཉམ་དུ་ང་ཚོའི་གསར་གཏོད་ལྡན་པའི་མཉམ་ལས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུའི་སྨོན་འདུན་ཞུ་རྒྱུ”ཡིན་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།