འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི"ཆའང་རིགས་ཀྱི་བུད་མེད་དུས་ཆེན"རྒྱ་ཟླ་ལྔ་པའི་ཚེས་
    ལྔའི་ཉིན་སི་ཁྲོན་མའོ་རྫོང་དུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་རྒྱ་ཟླ་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་། རང་རྒྱལ་གྱི་ཆའང་རིགས་གནས་སྡོད་བྱ་ཡུལ་གྱི་རྫོང་ཆེ་ཤོས་ཡིན་པའི་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མའོ་རྫོང་དུ“ཆའང་རིགས་ཀྱི་བུད་མེད་དུས་ཆེན”གཏོང་རྒྱུ་ཡིན་ཞིང་། དེ་ནི་གཙོ་བོ་ཆའང་རིགས་ཀྱི་བུད་མེད་ཞུགས་པའི་དུས་ཆེན་ཞིག་རེད། གོང་གསལ་གནས་ཚུལ་དེ་ནི་གསར་འགོད་པར་ཚེས་19ཉིན་རྔ་པ་ཀྲོའུ་ཡི“རྒྱ་ཟླ་ལྔ་པའི་ཚེས་ལྔའི་དུར་མཆོད”ཀྱི་མུ་སྦྲེལ་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
         ཆའང་རིགས་ནི་ཀྲུང་གོའི་གནའ་བོའི་མི་རིགས་ཤིག་ཡིན་ཞིང་། གཙོ་བོ་སི་ཁྲོན་ཞིང་ཆེན་མའོ་རྫོང་དང་། དབུན་ཁྲོན། ལིས་རྫོང་། པེ་ཁྲོན་སོགས་སུ་འཚོ་སྡོད་བྱེད་ཀྱི་ཡོད། དབུན་ཁྲོན་ས་ཡོམ་རྒྱག་སྐབས་ས་ཁུལ་དེ་དག་ཧ་ལམ་རྨེག་མེད་དུ་ཕྱིན་སྟབས། ཆའང་གི་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོང་ལ་འཛམ་གླིང་ཡོངས་ཀྱིས་དོ་ཁུར་བྱེད་ཀྱི་ཡོད། མའོ་རྫོང་ནི་རང་རྒྱལ་གྱི་ཆའང་རིགས་གནས་སྡོད་རྫོང་ཆེ་ཤོས་ཡིན་ལ། རྒྱལ་ཁབ་ཀྱི་ཆའང་རིགས་ཀྱི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟའི་ཁུལ་གྱི་ལྟེ་བའི་རྒྱུད་ཀྱང་ཡིན་པ་དང“ཆའང་རིགས་ཀྱི་བུད་མེད་དུས་ཆེན”ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རེད།
      

    ཕྱོགས་བསྡུས་གསར་འགྱུར།