འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་བརྒྱད་ཀྱིས་མཉམ་དུ་བརྡ་ཐོ་བཏང་ནས"དྲུག་གཅིག"རྒྱལ་སྤྱིའི་བྱིས་པའི་དུས་
    ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བརྗོད་དོན་ཁ་གསལ་བ་དང་ནང་དོན་ཕུན་སུམ་ཚོགས་པའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱས་ནས་བྱིས་པ་རྣམས་ལ་དགའ་སྤྲོ་འཁོལ་ཞིང་དོན་སྙིང་ལྡན་པའི་དུས་ཆེན་ཞིག་གཏོང་དུ་འཇུག་དགོས་པའི་བླང་བྱ་བཏོན་པ་རེད།
         རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། སློབ་གསོ་པུའུ། དམངས་སྲིད་པུའུ། རིག་གནས་པུའུ། རྒྱལ་ཁབ་འཆར་བཙའ་ཨུ་ལྷན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་བརྙན་འཕྲིན་གློག་བརྙན་སྤྱི་ཁྱབ་ཅུས་བཅས་སྡེ་ཚན་བརྒྱད་ཀྱིས་《2017ལོའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་རྒྱུའི་སྐོར་གྱི་མཉམ་འབྲེལ་བརྡ་ཐོ་》བཏང་བའི་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བ་གཙོ་རྐང་དུ་བྱེད་པ་དང་། རྒྱ་ཆེའི་བྱིས་པ་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱེད་པ། སྤྱོད་བཟང་ལ་བརྟེན་ནས་བུ་ཕྲུག་སྐྱོང་བ་སྲོག་ཤིང་དུ་བྱས་ནས་ཁྱད་ཆོས་མངོན་གསལ་དོད་པའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་རྒྱ་ཆེར་སྤེལ་བ། ཁྱིམ་སྲོལ་དང་ཁྱིམ་གྱི་བསླབ་བྱ་ཡག་པོ་རྒྱུན་འཛིན་བརྗོད་གཞིར་བྱས་ནས་ཁྱིམ་ཚང་གིས་བུ་ཕྲུག་སྐྱོང་བའི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་སྐུལ་མ་གཏོང་བ། བྱིས་པའི་ཆེད་དུ་བྱ་བཟང་དང་བྱ་བ་དངོས་སྒྲུབ་པ་དམ་འཛིན་བྱ་གཞིར་བྱས་ནས་བྱིས་པ་བདེ་ཐང་ངང་འཚར་ལོང་ཡོང་བར་ཕན་པ་ཡོད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་སྐྲུན་དགོས་ཞེས་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།