འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀླུ་མོ"རྟགས་ཅན་ཟླ་5ཚེས་23ཉིན་འཛམ་གླིང་གི་ཆེས་གཏིང་སར་འཛུལ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རྒྱ་མཚོ་ཆེན་མོར་འཛུལ་ཐེངས་38བྱས་པའི་གྲུ་ལམ་དུམ་བུ་གསུམ་པའི་ཡུལ་དངོས་སྤྱི་ཁྱབ་བཀོད་འདོམས་པ་ཝུ་ཁྲང་ཧྥུ་ཡིས་བསྟན་དོན། "ཀླུ་མོ"རྟགས་ཅན་ཐེག་སྣོན་བྱས་པའི་མི་སྡོད་ཆུ་འཛུལ་འཕྲུལ་ཆས"ཉི་ཕྱོགས་དམར་པོ་09རྟགས་ཅན"ཚན་རིག་བརྟག་དཔྱད་གྲུ་གཟིངས་སྔོན་དཔག་ལྟར་ན། ཟླ་5ཚེས་22ཉིན་གྱི་སྐྱ་རེངས་སྐབས་སུ། མ་རི་ཡ་ན་མཚོ་ཁུག་གི་ལས་སྒྲུབ་བྱེད་ཁུལ་དུ་འབྱོར་བ་དང་། ཚེས་23ཉིན"ཀླུ་མོ"རྟགས་ཅན་འཆར་གཞི་ལྟར་འཛམ་གླིང་གི་ཆེས་གཏིང་སའི་མ་རི་ཡ་ན་མཚོ་ཁུག་གི"འགྲན་སློང་པའི་གཡང་རོང"དུ་བཏང་ནས་ད་ཐེངས་ཀྱི་མཚོར་འཛུལ་ཐེངས་དང་པོ་བྱེད་རྒྱུ་ཡིན་པ་རེད།
           "ཉི་ཕྱོགས་དམར་པོ་09རྟགས་ཅན"གྲུ་གཟིངས་ནི་ཟླ་5ཚེས་16ཉིན་ཧྲེན་ཀྲེན་ནས་རྡོག་ཐོན་ཏེ་ལས་སྒྲུབ་བྱེད་ཁུལ་དུ་བསྐྱོད་པ་རེད། ཐེངས་འདིའི་གྲུ་ལམ་ནི"ཀླུ་མོ"རྟགས་ཅན་2013ལོ་ནས་བཟུང་ཚོད་ལྟའི་བཀོལ་སྤྱོད་བྱེད་པའི་ཆེས་རྗེས་མའི་དུས་མཚམས་ཡིན་པ་རེད། ཡུལ་དངོས་སུ་བཀོད་འདོམས་པུའུ་དང་གཏིང་འཛུལ་ལས་སྒྲུབ་སྡེ་ཚན། ཚན་རིག་པའི་ཚོགས་པ་བཅས་ཀྱིས་ཐེངས་འདིའི་གཏིང་འཛུལ་ལ་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད་ཅིང་། འཆར་གཞི་ལྟར་ན"ཀླུ་མོ"རྟགས་ཅན་ཚེས་23ཉིན་མ་རི་ཡ་ན་མཚོ་ཁུག་གི"འགྲན་སློང་པའི་གཡང་རོང"གི་བྱང་ངོས་སུ་གྲུ་ལམ་འདིར་ཐོག་མར་གཏིང་འཛུལ་བྱེད་རྒྱུ་ཡིན་ལ། སྐབས་ཐོག་ཏུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ"ཀླུ་མོ"རྟགས་ཅན་དུ་བསྡད་ནས་གཏིང་འཛུལ་བྱེད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།