འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུད་འདྲེས་པད་སོན་ཨང་19པའི་ལྷད་མེད་ཐོན་མང་ནུས་ཆེའི་ཕྱོགས་བསྡུས་ལག་རྩལ་
    ལས་པད་སྣུམ་ཐོན་ཚད་ལྡབ་གཅིག་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཧུའུ་ནན་ཞིང་ཆེན་ཡོན་ཅང་གྲོང་ཁྱེར་དུ་འཚོགས་པའི་པད་ཁའི་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་ལྷད་མེད་ཐོན་མང་ནུས་ཆེའི་བྱེད་སྟངས་འགག་སྒྲོལ་བྱ་ཡུལ་གྱི་ལྟ་སྦྱོང་ཚོགས་འདུའི་ཐོག་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་ཐོན་སྐྱེད་མ་བྱས་གོང་དང་། ཐོན་སྐྱེད་བྱེད་རིང་། ཐོན་སྐྱེད་བྱས་རྗེས་བཅས་ལ་ཁྱབ་པའི་འགག་རྩའི་ལག་རྩལ་9བསྡུ་རུབ་བྱས་པ་བརྒྱུད་དཔེ་སྟོན་རྒྱུད་འདྲེས་པད་སོན་ཨང་19པ་ནས་སྣུམ་ཐོན་ཚད་ཡུལ་དེ་གའི་ལྟ་སྡུར་པད་སོན་ལས་ལྡབ་འཕར་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
         ཀྲུང་གོ་ལས་གྲྭ་ཁང་གི་ཡོན་ཧྲི་ཀོན་ཁྲུན་ཡུན་གྱིས་ཐོན་འཇལ་ཙུའུ་ཀྲང་བྱས་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཡུལ་དངོས་སུ་ཐོན་འཇལ་ཞིབ་བཤེར་རྩིས་ལེན་བྱས་པ་རེད།
         ལག་རྩལ་གྱི་སྤྱི་ཁྱབ་འགན་ཁུར་བ་རྒྱལ་ཁབ་པད་ཁ་ཐོན་ལས་ལག་རྩལ་མ་ལག་གི་དབུ་བཞུགས་ཚན་རིག་མཁས་ཅན་ཞིབ་འཇུག་པ་ཝང་ཧན་ཀྲུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། པད་ཁའི་ཐོན་ལས་འཕེལ་རྒྱས་ཀྱི་འཇུར་མིག་རབ་དང་རིམ་པ་སེལ་བ་དང་པད་ཁའི་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་འགྲོ་བར་ཕྱོགས་བསྡུས་རང་བཞིན་གྱི་ལག་རྩལ་ཐག་གཅོད་ཀྱི་ཇུས་གཞི་འདོན་ཆེད། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་2012ལོར་ཚན་རྩལ་གསར་གཏོད་ཀྱི་འདུ་འགོད“པད་ཁ་སྤུས་ལེགས་ཐོན་མང་ནུས་ཆེའི་ཕྱོགས་བསྡུས་ལག་རྩལ་འདུས་གྲུབ་དང་བྱེད་སྟངས་འགག་སྒྲོལ”མཐུན་སྦྱོར་གསར་གཏོད་རྣམ་གྲངས་སྒྲུབ་འགོ་བརྩམས་པ་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་སྣུམ་རྒྱུ་ཁང་གིས་སྣེ་ཁྲིད་པ་དང་། རྒྱལ་ཡོངས་ཀྱི་ལེགས་ལྡན་ཚན་པ་མང་པོ་དང་མཉམ་འབྲེལ་གྱིས་མཐུན་སྦྱོར་འགག་སྒྲོལ་བྱས་པ། ཐོན་མང་སྣུམ་མང་འཕྲུལ་ཆས་ཅན་གྱི་སྣ་ཁ་གསར་པ་དང་། མཉམ་འབྲེལ་འཕྲུལ་ཆས་ཀྱི་སོན་འདེབས་ལག་རྩལ། འཕྲུལ་རྨོ་འཕྲུལ་བསྡུའི་འོས་འཚམ་དོ་དམ་ལག་རྩལ། ལུད་རྒྱག་ཐེངས་གཅིག་གི་ལག་རྩལ། པད་ཁ་འདེབས་རྩལ་གསར་པ། པད་ཁའི་མི་མེད་འཕྲུལ་འཁོར་གྱི་ཞིང་ནང་ཐོན་ཆེའི་དོ་དམ་ལག་རྩལ། པད་ཁའི་རྫས་འགྱུར་སྐེམ་བྱེད་ལག་རྩལ་གསར་པ། པད་ཁའི་མཉམ་འབྲེལ་རྔ་བསྡུའི་ལག་རྩལ། པད་ཁ་ལྷད་མེད་ཐོན་མང་ཐོན་ཆེའི་ལས་སྣོན་ལག་རྩལ་བཅས་ལ་བརྟེན་ནས་འདུས་གྲུབ་དང་བཏུལ་ནས་པད་ཁའི་ཐོན་ལས་འབྲེལ་ཐག་གི་ལྷད་མེད་དང་། ཐོན་མང་། ནུས་ཆེ་བཅས་ཀྱི་ཐོན་སྐྱེད་ལག་རྩལ་མ་ལག་ཅིག་བསྐྲུན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།