འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གཟུགས་བརྙན་ཕོ་ཉ་བདམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་19ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ལུགས་ལྡོག་དུས་ཚོད་ཉིན་100ཡི་བྱེད་སྒོ་ཐེན་ཅིན་དུ་སྤེལ་བ་དང་ཆབས་ཅིག སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གཟུགས་བརྙན་ཕོ་ཉ་དཔྱད་འདེམས་ཀྱི་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་ལུས་རྩལ་པ་ཝུའེ་ཆིའུ་གཡོད་དང་། སྐབས་དང་པོའི་རྒྱལ་ཡོངས་ཡ་རབས་ཁྱིམ་ཚང་གི་མིང་འཐོབ་མཁན་ལི་ཡན་ཆི། སྐད་གྲགས་ཡོད་པའི་གླུ་གཞས་མཁས་ཅན་ཀོན་མུའུ་ཚུན། ཀྲུང་གོའི་བུད་མེད་སྦེ་ག་རུ་ཁག་གི་ལུས་རྩལ་པ་ཐུང་ཝུན། ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཀོང་ལུའུ། རྒྱལ་ཡོངས་ཀྱི་ཕུལ་བྱུང་དང་བླངས་པ་ལུའུ་ཝུན་ཞ་བཅས་མི་དྲུག་བདམས་པ་རེད།
         ཐེན་ཅིན་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ལི་ཁེ་སྨེན་གྱིས་ཡིས་མིག་སྔར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གྲ་སྒྲིག་དང་འགྲན་བསྡུར་མང་པོ་དུས་གཅིག་ཏུ་བྱེད་པའི་དུས་མཚམས་སུ་སླེབས་ཡོད། ལུས་རྩལ་ཐང་དང་ཁང་ཕལ་ཆེ་བ་ལས་མཇུག་བསྒྲིལ་བ་དང་ཚོད་ལྟའི་བཀོལ་སྤྱོད་དང་ཚོད་ལྟའི་འགྲན་བསྡུར་བྱེད་བཞིན་ཡོད། གྲོང་ཁྱེར་གྱི་བཀོད་པ་ལེགས་སུ་གཏོང་བའི་ལས་དོན་མཇུག་འགྲིལ་ཉེར་ཡོད་པ་དང་མི་སྣ་གསོ་སྦྱོང་ལས་དོན་ཚང་མ་ཚར་ནས་རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་མཐའ་མའི་གྲ་སྒྲིག་དུས་མཚམས་སུ་སླེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།