འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།"སྦིར་སྒྲོག་དང་མཚམས་འཇོག"སོགས་ཀྱི་སྒྲིག་འགལ་ཚོང་གཉེར་ལ་གཙང་བཤེར་དང་
    འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མི་ལུས་འགན་བཅོལ་ཁྲོམ་རའི་སྒྲིག་སྲོལ་སྔར་བས་ཚད་ལྡན་དུ་བཏང་ནས་ཁྲོམ་རའི་ཟང་ཟིང་གི་རྣམ་པ་བཅོས་སྒྲིག་བྱ་ཆེད། ཀྲུང་གོ་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཉེ་ཆར་《མི་ལུས་འགན་བཅོལ་ཀུང་སིའི་ཕྱིར་འཚོང་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམ་སྟེ་མི་ལུས་འགན་བཅོལ་ཀུང་སིའི་ཕྱིར་ཚོང་དོ་དམ་ལས་དོན་ལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།
         《བརྡ་ཐོའི་》ནང་ཀུང་སིའི་ཕྱིར་ཚོང་དོ་དམ་ཐད་ལྷག་པའི་ཁྲིམས་འགལ་སྒྲིག་འགལ་གྱི་གནས་ཚུལ་10ལ་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་མ་ཟད། ཞིང་ཆེན་རིམ་པའི་ཡན་ལག་ཀུང་སིར་ཟླ་བ་3ནས་ཟླ་བ་12བར་གྱི་ལས་སྒོ་གསར་པ་དང་ལེན་བྱེད་མཚམས་འཇོག་པའི་ལྟ་སྡོམ་བྱེད་ཐབས་སྤྱོད་དགོས་པའི་བླང་བྱ་བཏོན་ཡོད། མི་ལུས་འགན་བཅོལ་ཀུང་སི་ལོ་གཅིག་རིང་གོང་གསལ་གནས་ཚུལ་གྱི་རྐྱེན་གྱིས་ཞིང་ཆེན་རིམ་པའི་ཡན་ལག་ཀུང་སི་2ཡན་ལ་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་སྒོ་གསར་པ་དང་ལེན་བྱེད་མཚམས་འཇོག་ཏུ་བཅུག་རིགས་དང་། ཀྲུང་གོ་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཁྲིམས་ལྟར་སྤྱི་ཁྱབ་ཀུང་སིར་ལས་སྒོ་གསར་པ་ཟླ་བ་3ནས་ཟླ་བ་12བར་དང་ལེན་བྱེད་མཚམས་འཇོག་པའི་ལྟ་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་རེད།
         《བརྡ་ཐོའི་》ནང་། མི་ལུས་འགན་བཅོལ་ཀུང་སི་ཁག་གིས་གླ་ཕོགས་དང་ལས་གནས་ཀྱི་རིམ་པ་ཟུང་འབྲེལ་གྱི་ནང་ཁུལ་འགན་འཁྲི་རྩད་གཅོད་ཀྱི་ལམ་ལུགས་བཟོས་ཏེ་སྤྱི་ཁྱབ་ཀུང་སིའི་བར་གྱི་འགན་འཁྲི་སྔར་བས་ཆེ་རུ་གཏོང་རྒྱུ་དང་། ལམ་ལུགས་གཏན་འབེབས་མི་ཚང་བ་དང་། ལྟ་སྐུལ་ལག་བསྟར་གནད་ལ་འཁྱོལ་མེད་པ། ཚད་མཐུན་ཚོད་འཛིན་ཞན་པ་སོགས་ཀྱི་རྐྱེན་གྱིས་ཕྱིར་ཚོང་ཁྲིམས་འགལ་དང་སྒྲིག་འགལ་གྱི་གནད་དོན་ལྷག་རིགས་ལ། སྤྱི་ཁྱབ་ཀུང་སིའི་འབྲེལ་ཡོད་སྡེ་ཚན་དང་མཐོ་རིམ་དོ་དམ་པའི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།