འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་སྐར་ཁུང་ཆེད་མངགས་
    བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཡུན་ནན་ཞིང་ཆེན་མི་སྤྱི་ཐིང་དང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མཉམ་དུ་《ཡུན་ནན་ཞིང་ཆེན་མི་སྤྱི་སྡེ་ཚན་དང་བཟོ་ཚོགས་རྩ་འཛུགས་ཀྱིས་མཉམ་འབྲེལ་ཐོག་ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཇུས་གཞིའི་བརྡ་ཐོ་》བཀྲམ་སྟེ་མི་སྤྱི་སྡེ་ཚན་དང་བཟོ་ཚོགས་རྩ་འཛུགས་ཀྱིས་མཉམ་འབྲེལ་ཐོག་ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་མཐུན་སྦྱོར་ལམ་སྲོལ་འཛུགས་དགོས་པ་ཁ་གསལ་བཟོས་ཡོད།
         《ལས་ཀའི་ཇུས་གཞིའི》ནང་ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་མཉམ་འབྲེལ་དྲིལ་བསྒྲགས་གསོ་སྦྱོང་དང་། ངལ་རྩོལ་འགན་ལེན་གྱི་ལྟ་ཞིབ་ཁྲིམས་འཛིན། ངལ་རྩོལ་རྩོད་གཞི་བར་འདུམ་ཁྲུན་གཅོད་དང་བཟོ་ཚོགས་ངལ་རྩོལ་བཅའ་ཁྲིམས་ལྟ་སྐུལ་མཉམ་འབྲེལ་མཐུན་སྦྱོར། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པའི་གླེང་ཕྱོགས་གལ་ཆེན་དང་ཐོལ་བྱུང་དོན་རྐྱེན་ལ་མཉམ་དུ་ཁ་གཏད་གཅོག་པ། ཞིང་པ་ལས་མིའི་གྲངས་གཞིའི་ཆ་འཕྲིན་བརྗེ་རེས་མཉམ་སྤྱོད་དང་དེ་བཞིན་ཞིང་སྦྲེལ་དབར་གྱི་མི་སྤྱི་སྡེ་ཚན་དང་བཟོ་ཚོགས་རྩ་འཛུགས་ཀྱི་མཉམ་འབྲེལ་ཞབས་ཞུ་སོགས་ཀྱི་ལས་ཀའི་ལམ་སྲོལ་ཁག་5གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།