འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།2017ལོའི་རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ནས་27ཉིན་བར་2017ལོའི་རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་པེ་ཅིང་ཚན་རྩལ་གཟའ་འཁོར་གྱི་བྱེད་སྒོ་གཙོ་བོ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་སྤེལ་བ་རེད། སྐབས་འདིའི་ཚན་རྩལ་གཟའ་འཁོར་ཐོག“ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་། གསར་གཏོད་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཚན་རིག་ཁྱབ་གདལ་གྱི་དངོས་མང་སྟོན་ཚོགས་ཆེ་གྲས་བརྒྱུད་བརྙན་ལམ་དང་། པར་རིས། དངོས་པོའི་དཔེ་དབྱིབས། མཉམ་འགུལ་མྱོང་རོལ། རོལ་རྩེད་རྩེ་བ་སོགས་རྣམ་པའི་ཐོག་ནས་ཚན་རྩལ་དབུལ་སྐྱོར་གྱི་གྲུབ་འབྲས་དང་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་འགྲེམས་སྟོན་བྱས་ཤིང་། གོང་གི་པར་རིས་ནི་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གི་ཚན་རྩལ་གཟའ་འཁོར་གྱི་བྱེད་སྒོའི་འགྲེམས་ཁང་གཙོ་བོར་སློབ་མ་ཁག་གཅིག་གིས་རྒྱང་འཛིན་ལ་བརྟེན་ནས་འཕྲུལ་མི་བཀོལ་སྤྱོད་བྱས་ཏེ་ལྒང་ཕུག་རྟོལ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།