འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གི་གྲོང་ཁྱེར་ཧ་རྨི་རུ་མེ་ཏོག་པད་མ་རབ་ཏུ་བཞད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གནམ་གཤིས་དྲོ་རུ་ཕྱིན་པ་དང་ཆབས་ཅིག དར་གོས་ལམ་བུའི་རྒྱུད་ཀྭ་རིགས་ཀྱི་ཡུལ་ཞེས་གྲགས་པའི་གྲོང་ཁྱེར་ཧ་རྨི་ཡིས་ཧོ་ནན་ནས་ནང་འདྲེན་བྱས་ཏེ་བཏབ་པའི་མེ་ཏོག་པད་མ་རབ་ཏུ་བཞད་དེ་དབྱར་དུས་ཀྱི་ཧ་རྨིའི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཡོད།
         ཧ་རྨི་ནི་ཧ་རྨི་ཀྭ་ཐོན་འབོར་ཆེ་བ་ལས་སྐད་གྲགས་ཆོད་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཀྲུང་ཡོན་གྱི་མེ་ཏོག་པད་མ་ཧ་རྨིར་བཞད་པ་ནི་རེས་སྐོར་གསར་པའི་ཤིན་སྐྱོར་གྲུབ་འབྲས་ཀྱི་གྲས་ཤིག་རེད། མིག་སྔར་ཧོ་ནན་ནས་ནང་འདྲེན་བྱས་པའི་མེ་ཏོག་པད་མ་ཁྲོམ་གཞུང་དང་། སློབ་གྲྭ སྡེ་ཁུལ་སོགས་སུ་འདེབས་འཛུགས་བྱས་པ་ལས་ཡུལ་དེའི་གང་སར་མེ་ཏོག་པད་མའི་དྲི་ཞིམ་འཐུལ།
      

    ཕྱོགས་བསྡུས་གསར་འགྱུར།