འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ཁི་སི་ཐན་གྱི་གྲོང་ཁྱེར་ལཱ་ཧོར་གྱི་ལྕགས་ལམ་འགྲིམ་འགྲུལ་གྱི་ས་འོག་ལྕགས་ལམ་ཐོག་མ་
    བཟོ་གྲྭ་ནས་ཐོན་པ།

    ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་དཔེ་སྟོན་རང་བཞིན་གྱི་རྣམ་གྲངས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་15ཉིན་གྱི་སྔ་དྲོ་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་ཐོག་མའི་དཔེ་སྟོན་རང་བཞིན་གྱི་རྣམ་གྲངས་ཏེ་ཕ་ཁི་སི་ཐན་གྱི་གྲོང་ཁྱེར་ལཱ་ཧོར་གྱི་ལྕགས་ལམ་འགྲིམ་འགྲུལ་ལི་མདོག་ལམ་ཐིག་རྣམ་གྲངས་(བསྡུས་མིང་ལ་ལི་མདོག་ལམ་ཐིག་རྣམ་གྲངས་ཞེས་ཟེར)ཀྱི་མེ་འཁོར་ཐོག་མ་དེ་ཀྲུང་ཁྲེ་ཚོགས་པ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་ཨ་མ་ཚད་ཡོད་ཀུང་སི་ནས་ཐོན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན“ལི་མདོག་ལམ་ཐིག་རྣམ་གྲངས”ནི་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་ཁོངས་གཏོགས་ཀྲུང་གོ་ལྕགས་ལམ་རྒྱལ་སྤྱི་ཚད་ཡོད་ཀུང་སི་དང་བྱང་ཕྱོགས་བཟོ་ལས་ཀུང་སིའི་ཁོངས་གཏོགས་བྱང་ཕྱོགས་རྒྱལ་སྤྱིའི་མཉམ་ལས་མ་རྐང་ཚད་ཡོད་ཀུང་སིས་མཉམ་གཉེར་མཉམ་ལས་བྱས་པའི་རྣམ་གྲངས་དང་པོ་དེ་རེད་ལ་ཀྲུང་གོ་ལྕགས་ལམ་རྒྱལ་སྤྱི་ཚད་ཡོད་ཀུང་སི་བཙུགས་རྗེས་ཀྱི་ས་གནས་དེར་གཞི་ཚུགས་པའི་ཕྱི་རྒྱལ་གྱི་རྣམས་གྲངས་ཐེངས་དང་པོ་ཞིག་ཀྱང་རེད། རྣམ་གྲངས་ཀྱི་ལམ་ཐིག་དེའི་སྐྱོད་ཕྱོགས་ནི་སྤྱིར་ན་ལྷོ་བྱང་ཕྱོགས་གཉིས་ཡིན་པ་དང་། སྤྱིའི་རིང་ཚད་ལ་སྟོང་སྨི་25.58ཡོད་པ། བབས་ཚུགས་ཁྱོན་26བཙུགས་ཡོད་པ་རེད།
          ལི་མདོག་ལམ་ཐིག་རྣམ་གྲངས་ཀྱི་འགན་འཁུར་བས་རང་རྒྱལ་གྱི་ལྕགས་ལམ་འགྲིམ་འགྲུལ་གྱི་ཕྱོགས་ཁག་གི་ཁེ་ལས་ཀྱིས་མཉམ་ལས་དམ་ཟབ་བྱས་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་ལྕགས་ལམ་འགྲིམ་འགྲུལ་ལས་རིགས་ཀྱི་ལེགས་ཆ་ཧྲིལ་པོ་འདོན་སྤེལ་གང་ལེགས་བྱས་པ། ལམ་ཐིག་འཆར་འགོད་ཨར་ལས་དང་། བརྡ་རྟགས། མེ་འཁོར་ཨ་མ། གཉེར་སྐྱོང་དོ་དམ་སོགས་ཕྱོགས་མང་པོ་ནས་ཐག་གཅོད་བྱེད་པའི་ཇུས་གཞི་མཁོ་འདོན་བྱས་པ་བཅས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དམངས་འཚོ་ལེགས་སུ་གཏོང་རྒྱུའི་ངོས་ནས་བརྗོད་ན་ཕན་པ་ཡོད་པ་ཞིག་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།