འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་མཉམ་ལས་བྱས་ནས་ཉོ་ཚོང་
    མ་འཇོག་གི་སྐུལ་སྤེལ་རྣམ་གྲངས་100ལག་བསྟར་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན་གྱི་ཕྱི་དྲོ"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་རིམ་མཐོའི་ཚོགས་འདུའི"ཉོ་ཚོང་ཤར་གཏོང་ལ་སྐུལ་འདེད་གཏོང་བའི"རིམ་མཚུངས་བརྗོད་དོན་གཙོ་བོའི་ཚོགས་འདུ་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་དང་། ཚོགས་འདུའི་ཐོག་《"རྒྱུད་གཅིག་ལམ་གཅིག"གི་ཉོ་ཚོང་ཤར་གཏོང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གྲོས་འགོ་》ཡོངས་བསྒྲགས་བྱས་པ་རེད།
         ཀྲུང་གོ་ཚོང་དོན་པུའི་པུའུ་ཀྲང་ཀྲུང་ཧྲན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གསུངས་པའི་བཞེད་དོན་གཏམ་བཤད་ནང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་ཀྱི་ཐོག་ནས"དར་གོས་ལམ་བུའི་སྙིང་སྟོབས"ཀྱི་ནང་དོན་ཟབ་མོ་རྒྱས་བཤད་དང"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ཐད་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཕྱིར་དྲན་གནང་སྟེ་འབྱུང་འགྱུར་འཕེལ་རྒྱས་མཉམ་ལས་ཀྱི་ཐབས་ལམ་དང་བྱ་ཐབས་གལ་ཆེན་བཏོན་གནང་ཡོད་ཅེས་བརྗོད་པ་རེད།
         ཀྲུང་ཧྲན་གྱིས་ཉོ་ཚོང་ཤར་གཏོང་ཐུབ་པ་བྱེད་རྒྱུ་ནི"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་རེད། "རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་བཏོན་ཚུན་ཉོ་ཚོང་ཤར་གཏོང་ཐུབ་པ་དེས་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་ཐུབ་ནས་དམངས་འཚོ་ལེགས་བཅོས་ཐུབ་པ་མ་ཟད། ད་དུང་ཐོན་ལས་མཉམ་ལས་དང་ལག་རྩལ་དྲིལ་བསྒྲགས་ལ་སྐུལ་འདེད་ཐུབ་ནས་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། "རྒྱུད་གཅིག་ལམ་གཅིག"གི་ཉོ་ཚོང་ཤར་གཏོང་ལ་སྐུལ་འདེད་གཏོང་བར་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་བཏང་ནས་མཉམ་ལས་ཀྱི་བསམ་ཕྱོགས་རྒྱ་བསྐྱེད་དང་། མཉམ་ལས་ཀྱི་རྨང་གཞི་བརྟན་གཏོང་། ཉོ་ཚོང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྔར་བས་སྐུལ་འདེད། ཚོང་དོན་གཞི་ཁྱོན་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཉོ་ཚོང་དོ་སྙོམས་དང་། མཐུན་སྦྱོར། ལྗང་མདོག་བཅས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་བཤད་པ་རེད།
         ཀྲུང་ཧྲན་གྱིས"རྒྱུད་གཅིག་ལམ་གཅིག"གི་ཉོ་ཚོང་ཤར་གཏོང་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཤར་གཏོང་དང་། ཕན་ཆེ། གཉིས་ཁེ། འཕེལ་རྒྱས་བཅས་ལ་དམིགས་ནས་གཙོ་གནད་བྱ་ཐབས་ཁག་ལྔ་བཏོན་པ་སྟེ།
         གཅིག་ནས་2018ལོ་ནས་བཟུང་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་འཚོག་སྟེ་རང་རྒྱལ་གྱི་ནང་འདྲེན་རྒྱ་ཆེར་གཏོང་རྒྱུར་སྟབས་བདེ་བསྐྲུན་རྒྱུ་རེད་ལ་རྒྱལ་ཁབ་ཁག་དང་ཉོ་ཚོང་སྤེལ་རེས་བྱས་ནས་གོ་ལ་ཧྲིལ་པོའི་ཉོ་ཚོང་འཕར་རྒྱུར་ཕྱོགས་མང་གི་སྤྱི་པའི་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། གཉིས་ནས་རང་མོས་ཉོ་ཚོང་གི་ཆེད་དོན་གྲོས་མོལ་ལ་སྐུལ་འདེད་བཏང་ནས་སྒོ་དབྱེ་དང་ཕྱི་གསལ་ནང་གསལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་འདོད་འདུན་ཡོད་པའི་རྒྱལ་ཁབ་དང་ས་ཁུལ་དང་མཉམ་དུ་RCEPཚུད་པའི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་བྱེད་རྒྱུར་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་རང་མོས་ཉོ་ཚོང་ཁུལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། གསུམ་ནས་ཉོ་ཚོང་སྟབས་བདེ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་སྲུང་སྐྱོང་དང་། ཀྲུང་གོས་རྒྱལ་ཁབ་30ལྷག་ཙམ་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ལམ་རྒྱུད་རྒྱལ་ཁབ་དང་མཉམ་ལས་བྱས་ཏེ་ཉོ་ཚོང་མ་འཇོག་གི་སྐུལ་སྤེལ་རྣམ་གྲངས་100ལག་བསྟར་བྱེད་རྒྱུ། བཞི་ནས་དཔལ་འབྱོར་ཉོ་ཚོང་ཐོན་ལས་མཉམ་ལས་ཁུལ་མཉམ་དུ་བཙུགས་ནས་གཞི་ཁྱོན་ཕན་འབྲས་ཅུང་ལེགས་པ་དང་། ཤུགས་རྐྱེན་ཐེབས་ནུས་མངོན་གསལ་དོད་པ། ལས་ཞུགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་བ་བཅས་ཀྱི་མཉམ་ལས་ཁུལ་འཛུགས་རྒྱུ། ལྔ་ནས་ལམ་རྒྱུད་རྒྱལ་ཁབ་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་རྒྱུ་བཅས་རེད། མ་འོངས་ལོ་ལྔའི་རིང་ཀྲུང་གོ་ཕྱོགས་ཀྱིས་ལམ་རྒྱུད་རྒྱལ་ཁབ་ལ་ཀྲུང་གོར་ཞིབ་འཇུག་ཟབ་སྦྱོང་དང་གསོ་སྦྱོང་ལ་མིང་གྲངས་ཁྲི་1ལྷག་ཙམ་མཁོ་འདོན་བྱེད་པ་དང་འབྲེལ། མཐོ་རིམ་དཔལ་འབྱོར་ཉོ་ཚོང་རིགས་གཅིག་མཁས་ཅན་50མངགས་ནས་ལམ་རྒྱུད་རྒྱལ་ཁབ་དང་མཉམ་དུ་《2030ལོའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་》དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་ཚོང་དོན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྒྲིག་གཞིའི་རྣམ་གྲངས་20ཡི་ཉོ་ཚོང་མ་འཇོག་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།