འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཕྱོགས་ཀྱིས་ཧོར་གོ་སི་ཤར་སྒོའི་ཆུ་མེད་གྲུ་ཁའི་རྐང་དབང་49%ཉོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་སླར་ཡང་གྲུབ་འབྲས་གསར་པ་ཐོབ་ཅིང་། རྒྱལ་སྤྱིའི་སྐམ་སའི་མཚོའི་མཉམ་འདྲེན་དང་གོ་ལ་ཧྲིལ་པོའི་ཟོག་འགྲེམས་སྦྲེལ་ཐག་འཕེལ་རྒྱས་ཡག་པོ་ཡོང་བར་དམིགས་ནས། ཚེས་15ཉིན་ཀྲུང་གོ་རྒྱང་རིང་མཚོ་འདྲེན་ཚོགས་པ་ཚད་ཡོད་ཀུང་སི་དང་ལེན་ཡུན་གྲུ་ཁའི་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིས་པེ་ཅིང་དུ་ཧ་སག་སི་ཐན་རྒྱལ་ཁབ་ལྕགས་ལམ་ཀུང་སི་དང་རྐང་དབང་ནང་བཤུག་གི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཀྲུང་གོའི་ཀུང་སི་གཉིས་ཀྱིས་ཧ་སག་སི་ཐན་ཧོར་གོ་སི་ཤར་སྒོའི་ཆུ་མེད་གྲུ་ཁའི་རྐང་དབང་49%ཉོས་པ་རེད།
          ད་ཐེངས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་ཐོག་ནས་ཀྲུང་ཧ་རྒྱལ་ཁབ་གཉིས་ཀྱི་ཟོག་འགྲེམས་མཉམ་ལས་དེ་སྐམ་སའི་སྦྲེལ་ཟམ་གྱི་ས་ཁོངས་སྒྲོལ་བའི་སྐྱེལ་འདྲེན་ནས་རྒྱལ་སྤྱིའི་སྐམ་སའི་མཚོའི་མཉམ་འདྲེན་དང་གོ་ལ་ཧྲིལ་པོའི་ཟོག་འགྲེམས་སྦྲེལ་ཐག་གཏོད་པའི་བར་གོམ་སྟབས་བརྟན་པོ་ཞིག་སྤོས་པ་དང་ཆབས་ཅིག ཧ་སག་སི་ཐན་དང་ཨེ་ཤེ་ཡ་དབུས་རྒྱུད་ཀྱི་དངོས་ཟོག་ཀྲུང་གོའི་ཤར་རྒྱུད་ནས་གྲུ་ཁ་སྒྲོལ་ཐུབ་པ་སྟེ། “དར་གོས་ལམ་བུའི་དཔལ་འབྱོར་ཁུལ”དང“དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི”ཉོ་ཚོང་བགྲོད་ལམ་སྦྲེལ་མཐུད་ཐུབ་རྒྱུར་གལ་ཆེའི་ཟོག་འགྲེམས་འགན་ལེན་མཁོ་འདོན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།