འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྦྲག་ལས་ཀྱིས་《"རྒྱུད་གཅིག་ལམ་གཅིག"རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་
    གླེང་སྟེགས་》ཀྱི་དྲན་རྟེན་སྦྲག་འཛིན་བཀྲམ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་སྦྲག་ལས་ཀྱིས་ཚེས་14ཉིན《"རྒྱུད་གཅིག་ལམ་གཅིག"རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་》ཀྱི་དྲན་རྟེན་སྦྲག་འཛིན་ཆ་ཚང་རིགས་གཅིག་བཀྲམ་པར་གནས་ཐང་སྒོར་1.20ཡིན་པ་རེད།
         སྦྲག་འཛིན་གྱི་ཇུས་འགོད་ཐད་གླེང་སྟེགས་ཀྱི་མཚོན་རྟགས་གཙོ་བོར་བྱས་པ་དང་ཆུ་རིས་ཀྱིས་རྒྱུ་ནོར་དང་མཚོ་ཐོག་དར་གོས་ལམ་བུ་དང་། སྤྲིན་བཟང་བགྲོད་ལམ་གྱི་དར་གོས་ལམ་བུ། སྣོད་ཀྱི་འཇིག་རྟེན་དང་། ཁོང་ཡངས། ཆ་རྫོགས་བཅས་ཀྱི་བསམ་བློ་མཚོན་པ་མ་ཟད། "རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དང་། 'རྒྱུད་གཅིག་ལམ་གཅིག'མཉམ་སྐྲུན། གཉིས་ཁེ་འཕེལ་རྒྱས་ཡོང་བ"བཅས་ཀྱི་ཚོགས་འདུའི་བརྗོད་དོན་གཙོ་བོ་ཡང་མཚོན་ཡོད། རྡོ་ཀ་མ་རུ་བརྐོས་མ་དང་། ཀྲུང་གོའི་མྱུར་བགྲོད་ལྕགས་ལམ། ཀྲུང་གོའི་རྒྱང་སྐྱོད་ཟོག་གྲུ། ཀྲུང་གོའི་གནམ་གྲུ་ཆེ་མོ་སོགས་ཀྱིས་ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་རྒྱལ་ཁབ་ཕྱི་ནང་སྦྲེལ་བའི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུ་མཚོན་པ་དང་ཆབས་ཅིག ད་རེས་ཀྱི་གླེང་སྟེགས་ཀྱི"འབྲེལ་མཐུད་ལྔའི"གཙོ་གནད་ཀྱང་རྒྱས་བཤད་བྱས་ཡོད། སྦྲག་འཛིན་གཤམ་གྱི་གྲོང་ཁྱེར་འདྲ་པར་དེ་ཐེན་ཐན་དང་། རྒྱལ་ཁབ་ལུས་རྩལ་ཁང་། ཀན་སུའུ་ཅ་ཡུས་ཀོན་སོགས་རིག་དངོས་གནའ་ཤུལ་དང་དེང་རབས་བཟོ་བཀོད་ཟུང་འབྲེལ་གྱིས་ཀྲུང་གོས"རྒྱུད་གཅིག་ལམ་གཅིག"རྒྱུད་ཀྱི་རྒྱལ་ཁབ་དང་མཉམ་དུ་འཛུགས་སྐྲུན་བྱས་ཏེ་ཞི་བདེ་དང་། འཕེལ་རྒྱས། དར་རྒྱས་བཅས་ཀྱི་ཐུན་མོང་བསམ་འདུན་མངོན་པའི་འདུན་པ་མཚོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།