འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཏེ་དབྱང་གྲོང་ཁྱེར་གྱིས་མཛོད་དགེར་ཁ་གཏད་རོགས་སྐྱོར་བྱེད་པའི་ཁག་དང་པོའི་
    རྣམ་གྲངས་གལ་ཆེན་7ལས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཏེ་དབྱང་གྲོང་ཁྱེར་གྱི་རེས་སྐོར་གསར་པའི་མཛོད་དགེར་ཁ་གཏད་རོགས་སྐྱོར་བྱེད་པའི་ཁག་དང་པོའི་རྣམ་གྲངས་གལ་ཆེན་7དངོས་སུ་ལས་འགོ་ཚུགས་པ་རེད། མཛོད་དགེ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཏེ་དབྱང་གྲོང་ཁྱེར་མདུན་ཕྱོགས་བཀོད་འདོམས་པུའི་འགན་ཁུར་བས“དེ་དག་ཚང་མ་དབུལ་སྐྱོར་རྣམ་གྲངས་རེད་ལ་དམངས་འཚོ་ལེགས་བཅོས་བྱེད་རྒྱུའི་ཆེད་དུའང་རེད”ཅེས་བརྗོད་པ་རེད།
          ཏེ་དབྱང་གྲོང་ཁྱེར་དང་མཛོད་དགེ་རྫོང་དབར་གྱི་རོགས་སྐྱོར་འབྲེལ་བ་ནི་2012ལོར་ཆགས་པ་དང་། ལོ་5ཡི་དུས་ཚོད་ནང་ཏེ་དབྱང་གྲོང་ཁྱེར་གྱིས་མཛོད་དགེ་རྫོང་ལ་རྣམ་གྲངས་19སྐྲུན་རོགས་བྱས་པ་དང་། རྣམ་གྲངས་དེ་དག་གིས་མཛོད་དགེ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་བྱུང་བ་དང་། འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ། འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ། མི་རིགས་མཐུན་སྒྲིལ་ཟབ་ཏུ་ཕྱིན་པ་བཅས་བྱུང་ཡོད་པ་རེད།
          མཛོད་དགེ་རྫོང་གི་འཕེལ་རྒྱས་ཀྱི་དམིགས་ཚད་དང་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཏེ་དབྱང་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་གྱི་འཆར་འགོད་བཟོས་ནས་ཏེ་དབྱང་གྲོང་ཁྱེར་གྱིས་མཛོད་དགེ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རེས་སྐོར་གསར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་འཛུགས་སྐྲུན་རྣམ་གྲངས་གཏན་འཁེལ་བྱས་པ་རེད།
          རྣམ་གྲངས་དེ་དག་གི་གྲས་སུ་དཔལ་སྐྱིད་ཤང་དཔལ་སྐྱིད་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་གྱི་རྣམ་གྲངས་དང་། སྟག་ཚ་དགོན་གླིང་དཀར་གྲོང་ཚོའི་ཡུག་ཁུལ་གྲོང་ཚོ་དབུལ་པོའི་གྲོང་གསར་འཛུགས་སྐྲུན་གྱི་དབུལ་སྐྱོར་རྣམ་གྲངས། ཐང་སྐོར་གྲོང་རྡལ་འགོ་གསེར་གྲོང་ཚོའི་ཡུག་ཁུལ་གྲོང་ཚོ་དབུལ་པོའི་གྲོང་གསར་འཛུགས་སྐྲུན་གྱི་དབུལ་སྐྱོར་རྣམ་གྲངས། ལྷ་ལུང་སློབ་འབྲིང་གི་སློབ་ཁྲིད་དང་ཞོར་སྤྱོད་ཁང་པ་འཛུགས་སྐྲུན། ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་ཚོད་ལྟ་ཁང་འཛུགས་སྐྲུན་གྱི་རྣམ་གྲངས། ཕྱུགས་རིགས་དྲོད་ཁང་འཛུགས་སྐྲུན་གྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་རིག་སྟོབས་རོགས་སྐྱོར་སོགས་ཚུད་ཡོད་པ་རེད།
          རྣམ་གྲངས་དེ་དག་བདེ་བླག་ངང་ལག་ལེན་བསྟར་ཐུབ་པའི་འགན་ལེན་བྱེད་ཆེད་ཏེ་དབྱང་གྲོང་ཁྱེར་མདུན་ཕྱོགས་བཀོད་འདོམས་པུས“གཅིག་རེ་དྲུག”གི་ལས་ཀའི་བྱ་ཐབས་ཁྱབ་གདལ་བཏང་བ་སྟེ། རྣམ་གྲངས་རེར་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་རེས་འབྲེལ་གཏུག་བྱེད་པ་དང་། རྣམ་གྲངས་རེར་འགན་འཁུར་ཚན་པ་རེ་གཏན་འཁེལ་བྱེད་པ། འགན་འཁུར་ཚན་པ་རེར་ཞིབ་ཕྲའི་འགན་འཁུར་བ་རེ་དོན་འཁྱོལ་བྱེད་པ། རྣམ་གྲངས་རེར་ཞུགས་མཁན་ཚན་པ་ཁག་གཅིག་གཏན་འཁེལ་བྱེད་པ། རྣམ་གྲངས་རེར་ལས་ཀའི་དུས་ཚོད་རེའུ་མིག་རེ་གཏན་འཁེལ་བྱེད་པ། རྣམ་གྲངས་སྐུལ་སྤེལ་ལས་དོན་གྱིས་ཟླ་རེར་ལྟ་ཞིབ་དང་བརྡ་ཁྱབ་ཐེངས་རེ་གཏོང་དགོས་པ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།