འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས“རྒྱུད་གཅིག་ལམ་གཅིག”བསྐྲུན་
    རྒྱུར་སྐུལ་འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་བཞི་སོང་ཚུན་ཨེ་ཤེ་ཡ་ལྷོ་མར་ཤར་བགྲོད་ཐུབ་པའི་རྒྱལ་སྒོ་གལ་ཆེན་ཡིན་པའི་ཀྲུང་གོའི་བོད་ལྗོངས་ལ་སྔར་ན་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཡོད། བོད་ལྗོངས་ཀྱི་ཁྱད་ལྡན་ཡུལ་སྐོར་དང་རིག་གནས་ཀྱི་ལེགས་ཆའི་ཐོན་ལས་དེ་བས་མང་བ་ཕྱིར་བསྐྱོད་པ་དང་། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་དེ་བཞིན་གྲབས་འཛུགས་བྱེད་བཞིན་པའི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་དང་། མཐའ་མཚམས་དང་ས་ཁོངས་ལས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་སོགས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གླིང་ཁག་གཅིག་གིས་བོད་ཀྱི་ཐོན་ལས་ལ་འཕེལ་རྒྱས་ཀྱི་ལས་སྟེགས་སྔར་བས་མང་བ་བཏོད་ཡོད། སྒྱུར་བཅོས་གསར་གཏོད་བྱེད་རིང་བོད་ཀྱིས་སྒོ་མོ་དབྱེ་བའི་གོམ་སྟབས་མགྱོགས་སུ་གཏོང་བཞིན་ཡོད་ལ་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་འབྲེལ་བའི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་རྣམ་པ་གསར་པ་བཏོད་ཡོད་པ་རེད།
          ཉེ་དུས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཕིང་གིས་བོད་ཀྱི་འཕེལ་རྒྱས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས“རྒྱུད་གཅིག་ལམ་གཅིག”གིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་བསྐྲུན་རྒྱུ་དེས་བོད་ལ་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པར་དབྱེ་ཞིབ་བྱས་པ་རེད།
          “‘རྒྱུད་གཅིག་ལམ་གཅིག’གིས་སྤྱི་འདོམས་བྱས་པའི་བོད་ཀྱི་ངོས་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་བསྐྲུན་པའི་ལས་དོན་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་གལ་ཆེན་གྱི་བཀོད་སྒྲིག་ཅིག་ཡིན་པས་བོད་ལྗོངས་ཀྱི་སྒོ་དབྱེ་དང་འཕེལ་རྒྱས་ཆེད་གོ་སྐབས་ཆེན་པོ་ལྔ་བྱུང་ཡོད”ཅེས་བཤད།
         གོ་སྐབས་དང་པོ། རྨང་གཞིའི་སྒྲིག་བཀོད་ལེགས་སུ་འགྲོ་རྒྱུ། བོད་ལྗོངས་ཀྱི་འགག་སྒོ་དང་མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་སྔར་བཞིན་ལེགས་སུ་གཏོང་བའི་བར་མཐོངས་ཆེན་པོ་ཡོད་པ་མ་ཟད། འཐུས་སྒོ་ཚང་དུ་བཏང་རྗེས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བོད་ལྗོངས་ཀྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཆེད་འདེགས་སྐྱོར་ནུས་ལྡན་ཡང་ཐུབ་རྒྱུ་དང་།
          གོ་སྐབས་གཉིས་པ། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སྔར་བས་འཕེལ་རྒྱས་འགྲོ་རྒྱུ། བགྲོད་ལམ་བསྐྲུན་རྒྱུ་དེས་དཔལ་འབྱོར་ཉོ་ཚོང་སྟབས་བདེ་ཡོང་བར་སྐུལ་མ་ཐེབས་རྒྱུ་དང་ཆབས་ཅིག་སྲིད་ཇུས་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་ནས་བོད་ལྗོངས་ཀྱིས་ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་མཐའ་མཚམས་ཉོ་ཚོང་དང་དེ་བཞིན་བོད་ལྗོངས་ཀྱི་ཡུལ་སྐོར་དང་རིག་གནས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས“ཕྱིར་བསྐྱོད་པ”དང“ནང་དུ་གདན་དྲངས་རྒྱུར”སྐུལ་མ་ཐེབས་རྒྱུ།
          གོ་སྐབས་གསུམ་པ། ནང་ཁུལ་དུ་གསར་སྤེལ་དང་སྒོ་མོ་འབྱེད་ཚད་ཆེ་རུ་འགྲོ་རྒྱུ། བགྲོད་ལམ་བསྐྲུན་རྒྱུ་དེས་བོད་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་དགོས་པ་མ་ཟད། དེ་བས་ནང་སའི་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་བསྡུ་ལེན་བྱས་ནས་ནང་ས་དང་བོད་ལྗོངས་དབར་གྱི་ཐོན་ལས་མཉམ་འདྲེས་གོང་འཕེལ་ཡོང་བར་སྐུལ་མ་ཐེབས་རྒྱུ།
         གོ་སྐབས་བཞི་པ། ཐོན་ལས་སྒོ་དབྱེ་འཕེལ་རྒྱས་འགྲོ་རྒྱུ། བགྲོད་ལམ་བསྐྲུན་རྒྱུ་དེས་བོད་ལྗོངས་ཀྱི་ཐོན་ལས་ཀྱིས“ཐོན་ཁུངས་རིགས་གཉིས”དང“ཁྲོམ་ར་གཉིས”ལ་བརྟེན་ནས་འཕེལ་རྒྱས་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ཕྱོགས་མཚུངས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། གྲབས་འཛུགས་བྱེད་བཞིན་པའི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ། མཐའ་མཚམས་དང་ས་ཁོངས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་སོགས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གླིང་ཁག་གཅིག་གིས་བོད་ལྗོངས་ཀྱི་ཐོན་ལས་ཆེད་འཕེལ་རྒྱས་ལས་སྟེགས་གསར་པ་གཏོད་རྒྱུ།
         གོ་སྐབས་ལྔ་པ། མཐའ་མཚམས་འཕེལ་རྒྱས་མགྱོགས་སུ་འགྲོ་རྒྱུ། མཐའ་མཚམས་ས་ཁུལ་ནི་བོད་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་འཐབ་ས་དང་པོ་དང་བགྲོད་ལམ་བསྐྲུན་པའི་གཙོ་གནད་ཡིན་པ་མ་ཟད། འགག་སྒོ་བསྐྲུན་རྒྱུ་དང་འགག་སྒོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་ལས་ཞུགས་ཀྱི་གོ་སྐབས་སྔར་བས་མང་བ་བཏོད་དེ་མཐའ་མཚམས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་ཆ་རྐྱེན་བསྐྲུན་རྒྱུ་བཅས་རེད།
         ཝང་ཕིང་གིས་གོ་སྐབས་འདི་བོད་ལྗོངས་ཁོ་ནས་ལོངས་སུ་སྤྱོད་རྒྱུ་མིན་པར་དེ་ནི་ནང་སའི་ཐོན་ལས་ཀྱི་གོ་སྐབས་ཤིག་ཡིན་ལ་དེ་བས་བོད་ལྗོངས་ཀྱིས་ཕྱི་ཕྱོགས་ཁྱིམ་མཚེས་དབར་གྱི་མཛའ་མཐུན་འབྲེལ་བ་ཟབ་ཏུ་གཏོང་བའི་གོ་སྐབས་ཤིག་ཀྱང་རེད། བོད་ལྗོངས་དང་ནེ་པ་ལ་སོགས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་ཕྱོགས་གཉིས་པོའི་འཛད་སྤྱོད་པར་དེ་བས་ལེགས་པའི་ཚོང་ཟོག་མཁོ་འདོན་དང་ཞབས་འདེགས་ཞུ་ཐུབ་རྒྱུ་དང་། ཕྱོགས་གཉིས་པོའི་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་རྒྱུ། ཕྱོགས་གཉིས་པོའི་ཐོན་ལས་གོང་འཕེལ་ཆེད་དེ་བས་ཕན་པ་ཡོད་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་ནས་ཕན་ཚུན་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་སྔར་བས་ཟབ་ཏུ་འགྲོ་རྒྱུའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།