འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།“མཁའ་དབྱིངས་ཀྱི་ཡུལ་ཤུལ”གློག་རྡུལ་ཚོང་དོན་ལས་སྟེགས་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཁམས་པའི་སྲུང་སྐར་བརྙན་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་གྱི་ཞིང་འབྲོག་ཐོན་རྫས་དྲ་ཐོག་ཏུ་འཚོང་བའི“མཁའ་དབྱིངས་ཀྱི་ཡུལ་ཤུལ”གློག་རྡུལ་ཚོང་དོན་ལས་སྟེགས་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཡུལ་ཤུལ་གྲོང་ཁྱེར་དུ་གཉེར་བ་དང་། དེ་ཐོག་ནས་ཡུལ་ཤུལ་གྲོང་ཁྱེར་གྱི་ཞིང་འབྲོག་ཐོན་ཟོག་སྲོལ་རྒྱུན་གྱི་ཕྱིར་ཚོང་བྱེད་སྟངས་ནས་དྲ་བ་ནས་ཕྱིར་ཚོང་བྱེད་སྟངས་སུ་བསྒྱུར་བ་མཚོན་ཡོད་པ་རེད།
          དེ་ཉིན་མཉམ་ལས་ཁང་62ཀྱིས“མཁའ་དབྱིངས་ཀྱི་ཡུལ་ཤུལ”གློག་རྡུལ་ཚོང་དོན་ལས་སྟེགས་དང་མཉམ་དུ་གན་རྒྱར་མིང་རྟགས་བཀོད་པ་རེད། ཉེ་ལམ་ལོ་ཤས་རིང་དྲ་སྦྲེལ་+ གནད་སྨིན་དབུལ་སྐྱོར་གྱི་རྒྱབ་སྐྱོར་ཆེན་པོ་ལས་ཡུལ་ཤུལ་གྲོང་ཁྱེར་གྱིས་གློག་རྡུལ་ཚོང་དོན་གྱི་ཐོན་ཁུངས་ལེགས་ཆ་གང་ལེགས་སྤྱད་ནས་མཉམ་ལས་ཁང་གི་ཐོན་རྫས་ཚོང་ཟོག་ཏུ་སྒྱུར་བ་བྱས་ཏེ་དྲ་བའི་ཁྲོམ་རར་རིམ་གྱིས་འགྲེམས་ཚོང་བྱས་པས་མི་སེར་རྣམས་ལ་ཕན་འབྲས་དངོས་འབྲེལ་ཐོབ་ཡོད་པ་རེད། འབྱུང་འགྱུར་ཡུལ་ཤུལ་གྲོང་ཁྱེར་གྱིས་ད་དུང་ཨ་ལི་པཱ་པཱ་དང་ཅིང་ཏུང་སོགས་གློག་རྡུལ་ཚོང་དོན་གྱི་ལས་སྟེགས་དང་མཉམ་ལས་བྱས་ཏེ་བོད་རིགས་ས་ཁུལ་གྱི་རང་ལུགས་གསར་གཏོད་ཀྱི་དྲ་སྦྲེལ་གྲོང་རྡལ་བསྐྲུན་ཏེ་ཡུལ་ཤུལ་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།