འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་མི་མེད་གནམ་གྲུའི"བར་སྣང་གི་མངའ་ཁོངས"དང་སྒྲིག་སྲོལ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་16ཉིན། 17:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨ་རིའི་མི་མེད་གནམ་གྲུའི'བར་སྣང་གི་མངའ་ཁོངས'དང་སྒྲིག་སྲོལ།
         མི་དམངས་དྲ་བའི་འཕྲིན། ཟླ5ཚེས11ཉིན། མི་མེད་གནམ་གྲུའི་ལག་རྩལ་བྱ་འཕུར་བ་ལྟར་གོང་དུ་འཕེལ་བ་དང་བལྟོས་བཅས་སུ་ཁྲིམས་ལུགས་དང་ལྟ་སྐུལ་དོ་དམ་གྱི་གོམ་སྟབས་རྗེས་སུ་ཅུང་ལུས་པ་རེད། 2016ལོའི་ཟླ6ཚེས21ཉིན་གྱི་བར་དུ་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ཅུས་ཀྱིས་དམངས་སྤྱོད་མི་མེད་གནམ་གྲུའི་མ་ལག་(UAS)ལ་དམིགས་ནས་དོ་དམ་སྒྲིག་སྲོལ་ཐོག་མ་བཏོན་པ་དང་། ལས་རིགས་སུ་ཕལ་མིང་ལ་དོ་དམ་སྒྲིག་སྲོལ་ཨང107པ་ཞེས་འབོད་ཀྱིན་ཡོད་ཅིང་། དེའི་ཐོག་ནས་མི་མེད་གནམ་གྲུ་ཆུང་གྲས་ཐེངས་དང་པོར་ཨ་རིའི་བར་སྣང་གི་མངའ་ཁོངས་དོ་དམ་བྱེད་ཁོངས་སུ་ཚུད་པ་མཚོན་ཡོད། སྒྲིག་སྲོལ་གསར་པ་འདི་ན་ནིང་ཟླ་བ་8པ་ནས་ལག་བསྟར་བྱེད་འགོ་ཚུགས་པ་དང་། ལྗིད་ཚད་ལ་ཕོན55(ཧ་ལམ་སྟོང་ཁེ25)མན་གྱི་མི་མེད་གནམ་གྲུ་འཕུར་སྐྱོད་བྱེད་པར་ཚོད་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ཅུས་གྱིས་འཕུར་སྐྱོད་ཀྱི་དམིགས་ཡུལ་རོལ་རྩེད་དང་ལས་སྒྲུབ་རིགས་གཉིས་སུ་ཕྱེ་ཡོད་ལ། འཕུར་སྐྱོད་པ་དང་མི་མེད་གནམ་གྲུ་ཚང་མས་དེ་མཚུངས་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་བྱ་དགོས་པ་རེད། གོང་གི་པར་རིས་ནི་ཨ་རིའི་ཉུའུ་ལྗིར་ཟེ(New Jersy)རུ་ཡོད་པའི་མི་མེད་གནམ་གྲུ་འཕུར་སྐྱོད་སློབ་གླིང་དུ་སློབ་གླིང་གི་སྲོལ་གཏོད་མཁན་ལྗེ་མུའུ་སི•སྦར་ཨིན་སི(James Barnes)ཡིས་མི་མེད་གནམ་གྲུ་ཞིག་ཁ་ལོ་སྒྱུར་བཞིན་ཡོད་པ་རེད། 
    ༄༅།།ཨ་རིའི་མི་མེད་གནམ་གྲུའི'བར་སྣང་གི་མངའ་ཁོངས'དང་སྒྲིག་སྲོལ།
    ༄༅།།ཨ་རིའི་མི་མེད་གནམ་གྲུའི'བར་སྣང་གི་མངའ་ཁོངས'དང་སྒྲིག་སྲོལ།
      

    ཕྱོགས་བསྡུས་གསར་འགྱུར།