འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མ་ལེ་ཞི་ཡའི་མི་དམངས་ལ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཕན་པ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན་མ་ལེ་ཞི་ཡའི་ཙུང་ལི་ནཱ་ཅི་པུ་ཀྲུང་གོར་འཚམས་འདྲིར་ཕེབས་པ་མ་ཟད། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཡང་ཞུགས་པ་རེད། ཚེས་11ཉིན་ཁོང་གིས་སྒེར་གྱི་དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་ཏེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་མ་ལེ་ཞི་ཡའི་མི་དམངས་ལ་ཕན་པ་བསྐྲུན་རྒྱུ་ཡིན་ལ། ཁོང་གིས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་མ་ལེ་ཞི་ཡ་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ནཱ་ཅི་པུས“རྒྱུད་གཅིག་ལམ་གཅིག”འཛུགས་རྒྱུར་ཕྱོགས་ཡོངས་ནས་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ཚེ་མ་ལེ་ཞི་ཡའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་རེད། མ་ལེ་ཞི་ཡར“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནས་ཕན་པ་ཐོབ་རེ་ཡོད་པས། ད་ཐེངས་ཀྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དེ་མ་ལེ་ཞི་ཡའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
          ཁོང་གིས་མ་ལེ་ཞི་ཡའི་འཐབ་ཇུས་གནས་བབ་ལས་མ་ལེ་ཞི་ཡས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་གནས་བབས་གལ་ཆེན་བཟུང་རྒྱུར་ཕན་པ་ཡོད་པས། མ་ལེ་ཞི་ཡའི་མི་དམངས་ལ“ཁྱོན་ཡོངས་ནས་ཕན་ཚུན་སྦྲེལ་མཐུད་དང་ས་གནས་དཔལ་འབྱོར་འཕེལ་རྒྱས་ནས་ཕན་པ་ཐོབ་རྒྱུ་ཡིན་པའི”ངོས་འཛིན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།