འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁོ་རེ་ཡའི་སྲིད་འཛིན་ལས་ཤག་གིས་ཀྲུང་གོར་སྐྱོད་མཁན་དམིགས་བསལ་ཕོ་ཉའི་འོས་མི་
    གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་15ཉིན་ལྷོ་ཁོ་རེ་ཡའི་སྲིད་འཛིན་ལས་ཤག་ཆིན་ཝ་ཐའེ་ཡིས་སྲིད་གཞུང་གསར་པས་ཀྲུང་གོ་དང་། ཨ་རི། ཨུ་རུ་སུ། རི་པིན་སོགས་རྒྱལ་ཁབ་ཏུ་གཏོང་རྩིས་ཡོད་པའི་དམིགས་བསལ་ཕོ་ཉའི་འོས་མི་ཁྱབ་བསྒྲགས་བྱས་ཡོད། དེའི་ནང་ཀྲུང་གོར་གཏོང་རྒྱུའི་དམིགས་བསལ་ཕོ་ཉ་ཙུང་ལི་ཟུར་པ་ལི་ཧའེ་ཙན་ཡིན་པ་དང་ཁོང་ལྷོ་ཁོ་རེ་ཡའི་སྲིད་འཛིན་གྱི་ཀྲུང་གོར་སྐྱོད་པའི་དམིགས་བསལ་ཕོ་ཉ་བྱེད་ཐེངས་གཉིས་པ་ཡིན་པ་རེད།
          ཆིན་ཝ་ཐའེ་ཕྱོགས་ཀྱིས་དམིགས་བསལ་ཕོ་ཉས་འཚམས་འདྲི་བྱེད་རིང་འབྲེལ་ཡོད་རྒྱལ་ཁབ་ལ་ལྷོ་ཁོ་རེ་ཡའི་སྲིད་འཛིན་ཝན་ཙའེ་ཡན་གྱི་ཕྱག་བྲིས་ཕྱག་བསྟར་མ་བརྒྱུད་སྤྲོད་བྱས་ཏེ་སྲིད་གཞུང་གསར་པས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཚུལ་མཚོན་པར་བྱེད་པ་དང་དང་ཆབས་ཅིག དམིགས་བསལ་ཕོ་ཉས་ད་དུང་འབྲེལ་ཡོད་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་རིགས་དང་ཐུག་འཕྲད་གནང་སྟེ་སྲིད་གཞུང་གསར་པའི་སྲིད་ཇུས་ངོ་སྤྲོད་བྱ་རྒྱུ་མ་ཟད། ཕྱོགས་གཉིས་པོའི་འབྲེལ་བ་ཇི་ལྟར་བྱས་ནས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུའི་ཐད་དགོངས་འཆར་བརྗེ་རེས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།