འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཐོ་འགོད་སྨན་གཡོག་ཁྱོན་མི་ཁྲི་350.7ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 17:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འཕྲོད་བཙའ་ཨུ་ལྷན་གྱིས་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཁྱིམ་ཚང་སྨན་པ་གན་འཇོག་ཞབས་ཞུ་དང་ནད་སྐྱོང་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཤིང་། རྒྱལ་ཁབ་འཕྲོད་བཙའ་ཨུ་ལྷན་སྨན་དོན་དང་སྨན་རྫས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀུའོ་ཡན་ཧུང་གིས། 2016ལོའི་ལོ་མཇུག་བར་རང་རྒྱལ་གྱི་ཐོ་འགོད་བྱས་པའི་སྨན་གཡོག་ཁྱོན་མི་ཁྲི་350.7ཟིན་པ་དེས་འཕྲོད་བཙའ་ཆེད་ལས་ཀྱི་ལག་རྩལ་པའི་42%ཟིན་པ་དེ་2010ལོ་ལས་71.2%འཕར་བ་དང་། མི་འབོར་ཆིག་སྟོང་རེར་སྨན་གཡོག་གྲངས་འབོར་2010ལོའི་མི་1.52ནས་2016ལོའི་མི་2.54བར་མང་དུ་ཕྱིན་ཡོད། རྒྱལ་ཡོངས་སྨན་ཁང་གི་སྨན་གཡོག་བསྡུར་ཚད་2010ལོའི་1∶1.16ནས་2016ལོའི་1∶1.45བར་འཕར་ཡོད། 2016ལོར་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ལས་ཐོག་སྨན་གཡོག་ཁྲི་69.6ཟིན་པ་དང་ཆེད་ཚན་སློབ་ཆེན་ཡན་གྱི་ལོ་རྒྱུས་ལྡན་པའི་སྨན་གཡོག་གིས་སྤྱི་འབོར་གྱི་65.1%ཟིན་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།