འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་ཚན་རིག་མཁས་ཅན་གྱིས་མཚོ་བོད་ས་མཐོའི་མཚེའུ་ཡི་འགྱུར་ལྡོག་གསལ་པོར་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་ཚན་རིག་མཁས་ཅན་གྱིས་ཉེ་དུས་ཞིབ་འཇུག་ལས་དོན་སྤེལ་སྐབས་འདས་པའི་ལོ་40ཡི་ནང་མཚོ་བོད་ས་མཐོའི་མཚེའུ་ཡི་རྒྱ་ཁྱོན་དང་ཆུ་ཉུང་དུ་འགྲོ་བ་དང་། མགྱོགས་མྱུར་མང་དུ་འགྲོ་བ། མང་དུ་འགྲོ་ཚད་འགོར་བ་བཅས་ཀྱི་དུས་མཚམས་གསུམ་ཡོད་པ་ཤེས་རྟོགས་བྱུང་བ་རེད། གྲུབ་འབྲས་དེ་《ཨ་རིའི་གོ་ལའི་དངོས་ཁམས་ཚགས་པར་》ཐོག་བཀོད་ཡོད།
         ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་གོ་ལའི་ཚན་རིག་ཁྱད་འཕགས་གསར་གཏོད་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་ཀྲང་གོ་ཆིང་གིས་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་མཁས་ཅན་དང་མཉམ་དུ་རྒྱང་ཚོར་དང་། ཚད་ལེན། ས་གཞིར་ཚད་འཇལ་སོགས་ཀྱི་གྲངས་གཞི་དང་ཟུང་འབྲེལ་བྱས་ཏེ་འདས་པའི་ལོ་40ལྷག་ཙམ་རིང་ལོ་ལྟར་མཚོ་བོད་ས་མཐོའི་མཚེའུ་ཡི་རྒྱ་ཁྱོན་དང་། ཆུ་ཁ། ཆུ་གསོག་བཅས་ལ་ཚོད་རྩིས་བྱས་ཡོད།
         བརྟག་དཔྱད་ཀྱི་འབྲས་བུ་ལས་མངོན་པར། མཚོ་བོད་ས་མཐོའི་མཚེའུ་ཡི་རྒྱ་ཁྱོན་དང་། ཆུ་ཁ། ཆུ་གསོག་བཅས་ཀྱི་འགྱུར་ལྡོག་འདྲ་པོ་ཡོད་པ་མ་ཟད་དུས་མཚམས་གསུམ་བརྒྱུད་ཡོད་པ་སྟེ། 1970ལོ་ནས་1995ལོ་བར་མཚེའུ་ཆུ་ཅུང་ཉུང་དུ་ཕྱིན་པ་དང་། 1996ལོ་ནས་2010ལོར་བར་མཚེའུ་ཆུ་མང་དུ་ཕྱིན་པ། ཉེ་བའི་ལོ་ཤས་རིང་(2011ལོ་ནས་2015ལོ་བར)མཚེའུ་ཆུ་མང་དུ་འགྲོ་ཚད་འགོར་བ་བཅས་ཡིན། ཞིབ་འཇུག་ལས་ད་དུང་ཆར་པ་བབས་པ་དེ་མཚེའུ་ཡི་ཆུ་མང་དུ་འགྲོ་བའི་རྒྱུ་རྐྱེན་ཐོག་མ་ཡིན་པ་དང་འཁྱགས་པ་བཞུར་བ་དང་ས་འཁྱགས་བཞུར་བ་དེ་མཚེའུ་ཆུ་མང་དུ་འགྲོ་བའི་རྒྱུ་རྐྱེན་གཉིས་པ་ཡིན་པ་ཤེས་རྟོགས་བྱུང་ཡོད།
        ངོ་སྤྲོད་བྱས་པར་གཞིགས་ན། མཚེའུ་དང་། གངས་གསོག འཁྱགས་རོམ། རྒྱུག་ཆུ་བཅས་ནི་མཚོ་བོད་ས་མཐོའི་ཆུ་འཁོར་རྒྱུག་གི་གྲུབ་ཆ་གལ་ཆེན་ཡིན། མཚེའུ་བཀག་ན་ཁ་རླུང་ལ་འགྱུར་ལྡོག་འགྲོ་བ་དང་མིའི་རིགས་ཀྱིས་མཚེའུ་ལ་གཏོར་སྐྱོན་གཏོང་ཚད་ཉུང་དུ་ཕྱིན་པར་བརྟེན་མཚེའུ་ཡིས་ཁ་རླུང་ལེགས་སུ་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།